您没有安装FlashPlayer或版本太低, 请点击获得最新版本FlashPlayer
ལྷ་ས་གྲོང་ཁྱེར་མི་སྤྱི་ཅུད་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་ཚོམས་ཆེན་དུ། ཀྲུང་གོ་དངུལ་ཁང་སྤྱི་ཚོགས་འགན་བཅོལ་གཱ་རང་བདག་གཉེར་སྒྲུབ་འཕྲུལ་ཆས་བེད་སྤྱོད་གཏོང་འགོ་ཚུགས་ཚུན། ད་བར་ལྷ་སའི་གྲོང་མི ༡༠༠༠ ལྷག་ཙམ་ལ་སྟབས་བདེ་སྐྲུན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཚོགས་འགན་བཅོལ་གཱ་རང་བདག་གཉེར་སྒྲུབ་འཕྲུལ་ཆས་དེ་ནི་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་ཚོམས་ཆེན་དུ་སྒྲིག་སྦྱོར་བྱས་པའི་རང་ལྗོངས་ཀྱི་འཕྲུལ་ཆས་ཐོག་མ་དེ་ཡིན་པ་དང་། གྲོང་མི་ཚོར་སྤྱི་ཚོགས་འགན་སྲུང་གཱ་ཡི་ཆ་འཕྲིན་བསྡུ་རུབ་དང་གཱ་གསབ་བརྗེ། རྨང་གཞིའི་ཆ་འཕྲིན་བཟོ་བཅོས་སོགས་ཀྱི་ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད། མང་ཚོགས་ཚོས་ལས་སྒོ་གཉེར་སྐབས་སྒེར་གྱི་ཐོབ་ཐང་ལག་ཁྱེར་ཁོ་ནས་འབྲེལ་ཡོད་ཀྱི་ལས་སྒོ་གཉེར་ཐུབ་ཀྱི་ཡོད་པས་ལས་ཆོད་མཐོ་རུ་ཤུགས་ཆེ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། རང་བདག་གཉེར་སྒྲུབ་འཕྲུལ་ཆས་བརྒྱུད་སྤྱི་ཚོགས་འགན་སྲུང་གཱ་ཡི་དངུལ་རྩའི་བྱེད་ནུས་བེད་སྤྱོད་དང་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་འདྲི་རྩད་སོགས་ཐུབ་སྟེ། སྤྱི་ཚོགས་འགན་བཅོལ་གཱ་ཡི་ལས་སྒོ་གཉེར་མཁན་མང་ཚོགས་ལ་དེ་བས་སྟབས་བདེ་བའི་ཞབས་ཞུ་སྒྲུབ་ཐུབ་རྒྱུ་རེད།།