རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ཆེད་དོན་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ཆེད་དོན་ཚོགས་འདུ་འཚོགས་ནས་སྤྱི་ལོ ༢༠༢༠ ལོའི་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། 

ནོར་བུ་དོན་གྲུབ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་དཔྱད་དཔོག་བྱ་ཐབས་དང་ནང་དོན།  བླང་བྱ་བཅས་ལ་གོ་བ་ཡང་དག་བླངས་ཏེ།  ལས་དོན་རེ་རེ་བཞིན་ཞིབ་བསྡུར་དང་།  གནད་ལ་འཁེལ་ཞིང་མཐིལ་རྟོགས་ཐུབ་པ།  ཁོང་དུ་ཡང་དག་ཆུད་ཐུབ་པ།  སྟངས་འཛིན་ཡང་དག་བྱེད་ཐུབ་པ་བཅས་བྱས་ཐོག་དབུལ་སྐྱོར་གྱི་ཕན་འབྲས་དང་དབུལ་གྲོལ་གྱི་སྤུས་ཚད་མངོན་གསལ་དོད་དུ་གཏོང་དགོས་རྒྱུ་དང་།  རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་བའི་གྲུབ་འབྲས་དང་ཉམས་མྱོང་།  དཔེ་མཚོན།  ཁྱད་ཆོས་བཅས་གང་ལེགས་མངོན་པར་བྱས་ཐོག་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་དེ་བས་མཐོ་བའི་གོ་རྟོགས་གང་ལེགས་མངོན་དགོས་རྒྱུ།  བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ།  ལས་དོན་ཁག་ཏན་ཏིག་ཇི་བཞིན་ངང་བསྒྲུབས་ནས་སྤྱི་ལོ ༢༠༢༠ ལོའི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་དཔོག་ལ་བསུ་བ་ཞུ་དགོས་རྒྱུ་བཅས་བླང་བྱ་ཁག་གསུམ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]