ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གི་ལྟེ་བའི་སྟོན་གྲངས་རྒྱུན་མཐུད་ལེགས་པོ་བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་མང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན།  རང་ལྗོངས་ཀྱིས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་ནང་དོན་ལེགས་སུ་གཏོང་བ།  ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་བྱ་གཞག་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བས།  ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གི་ལྟེ་བའི་སྟོན་གྲངས་རྒྱུན་མཐུད་ལེགས་པོ་བྱུང་ཡོད།
བུད་མེད་དང་བྱིས་པའི་བདེ་སྲུང་འདུ་ཤེས་ཟབ་ཏུ་གཏོང་ཆེད།  ལོ་མང་རིང་རང་ལྗོངས་ཀྱིས་འཆར་ལྡན་བུ་བཙའི་སྨན་བཅོས་ཞབས་ཞུའི་རུ་ཁག་གཤམ་སྐྱོད་དང་རིན་མེད་བློ་འདྲིའི་ཞབས་ཞུ་སྤེལ་བ།  འཕྲོད་བསྟེན་ལས་དོན་པས་པར་རིས་དང་འདྲ་གཟུགས་སོགས་ལ་བརྟེན་ནས་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་ཡོད་ཅིང་།  སྨན་ཁང་གིས་བྱ་ཐབས་འདྲ་མིན་གྱི་བདེ་ཐང་དྲིལ་བསྒྲགས་སློབ་གསོ་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡོད།

དེང་སྐབས།  སྨན་ཁང་དུ་སྦྲུམ་མ་བརྟག་དཔྱད་དང་ཕྲུ་གུ་སྐྱེ་བ།  སྔོན་ཁབ་རྒྱག་པ་བཅས་བྱེད་མཁན་མང་དུ་ཕྱིན་ནས་མི་དེ་བས་མང་བས་བདེ་ཐང་གི་འཚོ་བ་དོན་གཉེར་བྱེད་བཞིན་ཡོད།  དེ་དང་ཆབས་ཅིག  རང་ལྗོངས་ཀྱིས་རིམ་ཁག་སྨན་བཅོས་བདེ་སྲུང་ཚན་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཆེད་ལས་ལག་རྩལ་པར་སྦྱོང་བརྡར་སྤྲད་དེ་བུད་མེད་དང་བྱིས་པའི་བདེ་ཐང་རྨང་གཞི་བརྟན་དུ་བཏང་ཡོད་པ་དང་།  ཕྲུ་གུ་མ་སྐྱེ་གོང་གི་ལེགས་བཙའི་རིན་མེད་བདེ་ཐང་ཞིབ་བཤེར་དང་སྦྲུམ་མ་རིན་མེད་ངང་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་བ་སོགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་།  ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་བྱ་དགའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་བདེ་ཐང་འདྲ་མཉམ་ལ་སྐུལ་འདེད་བཏང་ཡོད་ཅིང་།  དབུལ་ཕོངས་ཁུལ་གྱི་བྱིས་པའི་འཚོ་བཅུད་ལེགས་བཅོས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས་གཉེན་སྒྲིག་མ་བྱས་གོང་དང་ཕྲུ་གུ་མ་སྐྱེས་གོང་།  མངལ་འཁོར་རིང་།  ཕྲུ་གུ་སྐྱེས་རྗེས།  བྱིས་པའི་དུས་བཅས་དུས་མཚམས་ལྔའི་མགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུའི་འཁོར་སྦྲེལ་ཞིག་གཞི་རྩའི་ཆ་ནས་ཆགས་ཏེ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།
ཁ་གཏད་བོད་སྐྱོར་གྱི་གཙོ་གནད་ནང་དོན་གྲས་ཤིག་ཡིན་པའི་ངོས་ནས།  རྒྱལ་ཡོངས་ས་ཆ་ཁག་གི་སྨན་དོན་པས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དང་ལག་རྩལ་སློབ་པ།  དོ་དམ་དམ་འཛིན་བྱེད་པ་བཅས་བྱས་པས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་ཆགས་ཏེ།  རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད་པ་དང་།  གྲོང་ཁྱེར༼ ས་ཁུལ ༽ཁག་གིས་བོད་སྐྱོར་མི་སྣ་འདེམས་མངག་བྱེད་སྐབས་གཙོ་གནད་ཐོག་བུད་མེད་དང་བུ་བཙའི་ཚན་ཁག  བྱིས་ནད་ཚན་ཁག་ལ་འཕར་གཟིགས་བྱེད་ཀྱི་ཡོད་པས་ནད་གཞི་བསྟེན་དཀའ་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་པ་དང་ཆབས་ཅིག  ས་ཆ་དེ་གའི་མ་བུ་བདེ་སྲུང་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་གཏོང་རོགས་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]