您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་ཞིབ་མཆན་ཉུང་དུ་གཏོང་བ་དང་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་སྲིད་གཞུང་གི་འགན་ནུས་རྒྱུན་མཐུད་འགྱུར་ནས། ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་མཐོ་རུ་བཏང་སྟེ། ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལྷུ་ཚིགས་མང་བ་དང་དུས་ཚོད་རིང་བ། དཔྱད་དཔོག་གི་དོན་ཚན་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད་པས། དེང་སྐབས་རང་ལྗོངས་ཀྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་དུས་ཚོད་དེ་ཉིན་བརྒྱའི་ནང་ཚུན་དུ་ཐུང་དུ་བཏང་བ་མ་ཟད། ན་ནིང་ལོ་མཇུག་ཏུ་རྒྱལ་ཡོངས་དང་གཅིག་གྱུར་ཐོག་ནས་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་དོ་དམ་སྟེགས་བུ་ཡང་བསྐྲུན་ཟིན་ཡོད།
རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མཆན་འགོད་དོ་དམ་མ་ལག་བརྟན་པོ་བསྐྲུན་ཞིང་། དེང་སྐབས་ལྗོངས་ཡོངས་ཀྱི་རྫོང་༼ ཆུས ༽༧༤ ལ་ཁྱབ་པ་དང་སྦྲགས། མ་འཇོག་རྣམ་གྲངས་གཏན་འཁེལ་སོགས་ཀྱི་དོ་དམ་མ་ལག་མཉམ་སྦྲེལ་མཉམ་མཐུད་བྱུང་ནས། ལས་སྒོ་མཐུན་སྦྱོར་དང་དྲ་ཐོག་ཏུ་མཉམ་སྦྲེལ་མཆན་འགོད། ཕྱོགས་བསྡོམས་དབྱེ་ཞིབ། ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ནུས་གྲུབ་ནས། གཅིག་གྱུར་བདག་སྤྲོད་དང་མཉམ་སྦྲེལ་མཆན་འགོད། དུས་ཐོག་བརྒྱུད་བཤུག རྗེས་སྙེག་སྒྲུབ་སྐུལ་བཅས་ཐུབ་ཡོད།
སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་བར། མ་ལག་དེའི་ཐོག་རྣམ་གྲངས་ཁག ༦༡༥ ཞིབ་མཆན་འགོད་ཐུབ་ནས་མཆན་འགོད་དོན་ཚན་ཁག ༡༥༩༤ ལ་ཞིབ་མཆན་འགོད་རྒྱུ་ལེགས་གྲུབ་ཟིན་པ་རེད།།