您没有安装FlashPlayer或版本太低, 请点击获得最新版本FlashPlayer
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཉེ་དུས། ཆུ་ཤུར་རྫོང་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་ལ་ད་ལྟ་ཁྲིམས་འཛིན་མི་སྣ ༡༧ ཡོད་པ་དང་། ཀྲུང་དབྱང་གི་སྲིད་འཛིན་ཁྲིམས་འཛིན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་འཛུགས་པའི་དམིགས་ཡུལ་ནི། ཞིང་ལས་ཁྲིམས་འཛིན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་ཁྲིམས་འཛིན་དཔུང་ཁག་སྟོབས་ཆེར་གཏོང་བ། ཕྱོགས་མང་ཁྲིམས་འཛིན་དང་ཁྲིམས་འཛིན་བསྐྱར་ཟློས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ནས། སྔར་ཡོད་ཞིང་ལས་སྲིད་འཛིན་ཁྲིམས་འཛིན་དང་ཉ་ལས་ཁྲིམས་འཛིན་གྱི་འགན་འཁྲིའི་རྨང་གཞིའི་ཐོག ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱི་ཁྲིམས་འཛིན་འགན་འཁྲི་དང་དཔུང་ཁག་སྔར་བས་བསྡུ་སྒྲིལ་དང་། ཕྱུགས་རིགས་སྨན་པ་དང་གཟན་རྩྭའི་སྦྱོར་རྟ། ཕག་པ་བཤས་གཏོང་། ཞིང་སྨན། ཞིང་འཕྲུལ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད། སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ། རྩི་ཤིང་ནད་བཤེར་བཅས་ཀྱི་སྲིད་འཛིན་ཁྲིམས་འཛིན་འགན་ནུས་གཅིག་འགྱུར་སྤྱོད་ཆེད་རེད།།