ལྷ་ཉིང་ལྕགས་ལམ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ས་གས་པ་དང་མཐོ་སའི་ཐེག་ཤུགས།  འདམ་རྡོའི་ཆུ་རུད།  འབབ་རྡོ་རིལ་བ་སོགས་ཀྱི་ས་གཤིས་གནས་ཚུལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ས་ཆ་བསྡུ་ལེན་བཤིག་སྤོ་དང་ལམ་གཞི་འདིང་བ།  ཟམ་གདན་ལས་གྲྭ་དང་ཕུག་ལམ།  མེ་འཁོར་བབས་ཚུགས་འཛུགས་སྐྲུན་སོགས་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་།  ད་བར་ལམ་ཐིག་ཧྲིལ་པོར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར ༣༡༣ བཏང་བ་དེས་འཆར་འགོད་ཀྱི་བརྒྱ་ཆ ༩༡ བཟུང་ཡོད།
དེང་སྐབས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་པས་ཧུར་བརྩོན་ཆེན་པོས་ལམ་ལྕགས་འདིང་བ་དང་གློག་སྐུད་ཁྲིད་པ།  བབས་ཚུགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྡོད་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད།  དེ་དང་དུས་མཚུངས་གློག་བཞིའི་ལས་གྲྭའི་འབྲེལ་མཐུད་དྲ་བའི་གློག་ཤིང་འཛུགས་པ་དང་།  གློག་བསྒྱུར་སྒམ་སྒྲིག་སྦྱོར།  འཕྲིན་གཏོང་གི་གློག་སྐུད་ཁྲིད་པ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ཀྱང་མཉམ་དུ་སྤེལ་བཞིན་ཡོད།
ཁྲོན་བོད་ལྕགས་ལམ་ལྷ་ཉིང་བར་གྱི་ལྕགས་ལམ་ནི་བོད་ནང་ཁུལ་དུ་ཡོད་པའི་ཁྲོན་བོད་ལྕགས་ལམ་དུམ་བུ་ཞིག་ཡིན་པ་དང་།  ལྷ་ཉིང་ལྕགས་ལམ་སྐྲུན་འགོ་ཚུགས་ཚུན།  བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  འགན་ལེན་ལྔ་དང་མངོན་འགྱུར་ལྔ་ཡི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་།  འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་དང་ལྕགས་ལམ་གྱི་སྔོན་སྐྱོད་པའི་ལས་འགན་དང་འགན་འཁྲིར་དམིགས་པ།  རྨང་གཞི་བརྟན་གཏོང་དང་ཚད་གཞི་ལོན་པ།  སྤུས་ཚད་ལེགས་སུ་དང་ནུས་པ་ཆེ་རུ་གཏོང་བའི་ལས་ཀའི་བརྗོད་དོན་གཙོ་བོར་དམིགས་པ་བཅས་བྱས་ནས།  སྤྱི་འདོམས་འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་བདེ་འཇགས་ལྡན་ལ་སྤུས་ཚད་ལེགས་པའི་སྒོ་ནས།  ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]