您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་དང་པོའི་ཚེས ༡༥ ཉིན། སྣེའུ་ཟམ་ཆེན་གྱི་ཟམ་སྣེ་ལྷོ་མའི་ཟུར་ལམ་ཀ་པར་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་དང་། དེས་སྣེའུ་ཟམ་ཆེན་ནས་ལྷོ་ངོས་བར་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་ཐུབ་ཡོད།
ལྷ་ས་གྲོང་ཁྱེར་སྣེའུ་ཟམ་ཆེན་གྱི་ཟམ་སྣེ་ལྷོ་མའི་འགྲིམ་འགྲུལ་འགག་ཁུལ་གྱི་བསྒྱུར་བཀོད་ལས་གྲྭ་འདི་ནི། སྣེའུ་ཟམ་ཆེན་དང་གྲོང་སྐོར་ལྷོ་ལམ་སྦྲེལ་མཐུད་བྱེད་པའི་ཕྱོགས་རྐྱང་པའི་འཁོར་ལམ་ཞིག་ཡིན་པ་དང་། མྱུར་ཚད་མགྱོགས་ཤོས་ཆུ་ཚོད་གཅིག་ལ་སྤྱི་ལེ ༣༠ ཡིན་ཞིང་། རྣམ་གྲངས་དེ་སྤྱི་ལོ ༢༠༢༠ ལོའི་ཟླ་ལྔ་པའི་ཚེས ༡༨ ཉིན་འགོ་ཚུགས་ཚུན། ཁྱོན་ཉིན ༢༤༣ འགོར་ཡོད་པ་དང་། ད་ལྟ་རྣམ་གྲངས་ཡོངས་སུ་ལས་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།
དེང་སྐབས། སྣེའུ་ཟམ་ཆེན་གྱི་བྱང་ངོས་ནས་ལྷོ་ངོས་སུ་སྐྱོད་མཁན་ཆུ་ཚོད་གཅིག་ལ་རླངས་འཁོར ༢༨༠༠ ཟིན་གྱི་ཡོད་པ་དང་། སྔོན་དཔག་བྱས་ན་རྣམ་གྲངས་འདི་ལེགས་གྲུབ་བྱུང་བ་དེས་རླངས་འཁོར་མང་བའི་སྐབས་སྣེའུ་ཟམ་ཆེན་གྱི་ལྷོ་ངོས་སུ་སྐྱོབད་མཁན་རླངས་འཁོར་གྱི་བརྒྱ་ཆ ༣༠ ཙམ་རིམ་འདྲེན་བྱེད་ཐུབ་ཀྱི་ཡོད།།