ལྗོངས་མི་དམངས་འཐུས་ཚོཌ་སྐབས༡༡པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོཌ་པས་ཚོཌ་འདུ་ཐེངས་དང་པོ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༩ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  ཐེངས་འདིའི་ཚོགས་འདུར་ཕེབས་དགོས་ངེས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི ༥༥ ཡི་ནང་ནས་དངོས་སུ་ཕེབས་མཁན ༤༨ ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན་ཡོད།

ཚོགས་འདུའི་ཐོག་ཝུའུ་དབྱིང་ཇེ་དང་།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།  བློ་བཟང་རྒྱལ་མཚན།  ཏིང་གཡས་ཤན།  ཡན་ཅིན་ཧའེ།  ནོར་བུ་དོན་གྲུབ།  བསྟན་ཁོ།  ཧོ་ཝུན་ཧའོ།  ལིའུ་ཅང་།  གྲེན་ཡུང་ཇི།  རྡོ་ཐོགས།  འོད་ཟེར།  ཞུས་ཞུའེ་ཀོང་།  བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན།  འཆི་མེད་རིག་འཛིན།  ཉི་མ་ཚེ་རིང་།  ཅི་གོ་ཀང་།  མཱ་ཧྲེང་ཁྲང་།  ཝང་ཅུན།  ཞུའེ་ཁྲེང་ཚང་།  ལིའུ་གོ་རུང་།  ལིའུ་ཀོང་ཤུས་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་འོས་སྦྱོར་གནང་བ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཉིན་རེའི་གྲོས་རིམ་དང་།  ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་།  ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོ་གཞོན་པ་དང་ཚོགས་ཆེན་གྱི་གྲོས་གཞིར་བརྡས་ཐག་གཅོད་ཐབས།  འཐུས་མིའི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་བཅས་གཏན་འཁེལ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]