您没有安装FlashPlayer或版本太低, 请点击获得最新版本FlashPlayer
འདས་ཟིན་མ་ཐག་པའི་སྤྱི་ལོ ༢༠༢༠ ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཀྱང་རེད། ལོ་དེའི་ནང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་དབུ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་དབུ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་ཚབ་སོགས་ཀྱི་ལས་དོན་ཁག་ཁྲིམས་བཞིན་ཡག་པོ་བསྒྲུབས་ནས། དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད།
རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་དཔལ་འབྱོར་སྤུས་དག་གོང་འཕེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང༌། ཁྲིམས་སྲོལ་ལམ་ལུགས་རབ་དང་རིམ་པ་བཟོ་བ་དང་བཟོ་བཅོས། འཐུས་ཚང༌། གཙང་སེལ་བཅས་ཀྱི་ལས་དོན་སྤེལ་ཐོག་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་བྱས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་དང་གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེ་བཅས་ཀྱི་བྱ་གཞག་ཁག་བདེ་བླག་ངང་སྤེལ་ཐུབ་པ་བྱས་ཡོད།
སྤྱི་ལོ ༢༠༢༠ ལོར་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་སྐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་རང་འགུལ་དོན་གཉེར། འཁུར་མཉམ་ལེན་བཅས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལག་བསྟར་བྱེད་པའི་བསམ་འཆར་བཟོས་ནས། རི་འཁྱར་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང༌། འཕྲིན་ཡིག་སྤྲིངས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་དེ་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱེད་རྒྱུའི་གྲོས་འགོ་བཏོན་ཏེ། གཅིག་གྱུར་འཆར་འགོད་ངང་ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ཡོང་རྒྱུར་ཁྲིམས་སྐྱོང་གི་ནུས་པ་བཏོན་ཡོད།
ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་བྱེད་རྒྱུ་དང་བསྟུན་ཏེ། སྤྱི་ཚོགས་ནས་དོ་སྣང་བྱ་ཡུལ་ལ་བརྡ་ལན་ཧུར་ཐག་བསློག་པ་དང༌། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི ༣.༦ ནས་དོན་དངོས་ལ་གཞི་ཚུགས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རབས་ཀྱི་ཚ་རླབས་ནང་ཧུར་ཐག་ཞུགས་ཏེ། རང་ལྗོངས་སུ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།།