您没有安装FlashPlayer或版本太低, 请点击获得最新版本FlashPlayer
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤྱི་ཟླ་དང་པོའི་ཚེས ༢༠ ཉིན། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་བརྗིད་ཆེའི་ལེའུ་ཧུར་ཐག་རྩོམ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ཚོགས་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཞེས་པའི་ཆེད་བརྗོད་ཅིག་སྤེལ་ཡོད།
ཆེད་བརྗོད་ནང་། དོ་ཁུར་ཆེན་པོ་བྱེད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ནི། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་དུས་བབ་གསར་པའི་འོག་ཚོགས་པའི་གལ་ཆེའི་ཚོགས་འདུ་ཞིག་རེད། ཚོགས་འདུ་དེ་ཡག་པོ་ཚོགས་རྒྱུ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ངང་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ཡོང་བ་བྱེད་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་ཡོད།
ཆེད་བརྗོད་ནང༌། ལོ་ལྔ་ཚན་བཅུ་གསུམ་པ་མཇུག་བསྡུའི་ལོར་ཛ་དྲག་ཅིང་རྙོག་འཛིང་ཆེ་བའི་དུས་བབ་དང་། སྔར་འཕྲད་མྱོང་མེད་པའི་འགྲན་སློང་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་ནང་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་། བསྒྲུབ་བསམ་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཐུབ་སྟེ་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྤྱི་ལོ ༢༠༢༡ ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་རེད་ལ། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལག་ལེན་བསྟར་བ་དང་སྤྱི་ལོ ༢༠༣༥ ལོའི་ཕུགས་ཕན་དམིགས་ཚད་སྒྲུབ་པའི་འགོ་ཚུགས་ལོ་ཞིག་ཀྱང་ཡིན་པས། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་དགོས་ཞེས་འཁོད་ཡོད།
ཆེད་བརྗོད་ནང༌། ལོ་ལྔ་ཚན་བཅུ་བཞི་པའི་རིང་མི་དམངས་འཐུས་ཚོགས་ལས་དོན་ནི་དོན་གཉེར་ཆེ་ལ་བྱས་རྗེས་འཇོག་ནུས་ཆེ་བས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང༌། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འགན་འཁུར་ལས་སྒྲུབ་ངང་། ཁྲིམས་ལྟར་འགན་ནུས་སྒྲུབ་པའི་བསམ་ཕྱོགས་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད། དམངས་གཙོའི་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་འཁོད་ཡོད།།