ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༢༡ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་དང་།  ཧོ་སྡེ་མི་དང་ཏུའུ་ཇེ།  ཕུར་བུ་རྡོ་རྗེ།  ཆུང་བདག་སོགས་ཨུ་ཡོན ༡༣ གྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་མ་ཟད་ཨུ་ཡོན་རྣམ་པའི་གཏམ་བཤད་གསན་པ་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་རྫོང་ལོ་བྱམས་པ་མཁས་གྲུབ།  ས་ལུང་ཕུན་ལགས་སོགས་ཚོགས་འདུར་ཕེབས་ཡོད་པ་དང་།  རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་ཨུ་ཡོན་རྣམ་པའི་གཏམ་བཤད་གསན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]