您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༡ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན། ཏིང་གཡས་ཤན། ཡན་ཅིན་ཧའེ། ནོར་བུ་དོན་གྲུབ། བསྟན་ཁོ། ཧོ་ཝུན་ཧའོ། ལིའུ་ཅང་། གྲེན་ཡུང་ཇི། རྡོ་ཐོགས་སོགས་ཚོགས་འདུར་ཕེབས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་སྤྱི་ལོ ༢༠༣༥ ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱས་ཚུལ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོ་རྡོ་ཐོགས་ནས་གནང་བའི་སྙན་ཞུ་གསན་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས། འཐུས་མི་ཚོགས་པ་ཁག་གིས་གྲོས་ཞིབ་བྱེད་རྒྱུར་ཕུལ་ཡོད། ཚོགས་འདུའི་ཐོག་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་སྤྱི་ལོ ༢༠༣༥ ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན་སྐོར་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་འབྲས་བུའི་སྙན་སྒྲོན་དང་། འཆར་གཞི་དང་སྔོན་རྩིས་སྐོར་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་འབྲས་བུའི་སྙན་སྒྲོན་གསན་པ་མ་ཟད། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་སྤྱི་ལོ ༢༠༣༥ ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། འཆར་གཞི་དང་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་འཐུས་མི་ཚོགས་པ་ཁག་གིས་གྲོས་ཞིབ་བྱ་རྒྱུར་ཡང་ཕུལ་བ་རེད། ཚོགས་འདུའི་ཐོག་བློ་མཐུན་ཅུས་ཅན་ཧྭ་དང་ལི་ཝུན་ཧན་རྣམ་གཉིས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་དགོངས་ཞུའི་རེ་འབུལ་དང་ལེན་སྐོར་གྱི་གཏན་འབེབས་འཆར་ཟིན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་འདེམས་བསྐོའི་སྐོར་གྱི་བྱ་ཐབས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་འཐུས་མི་ཚོགས་པ་ཁག་གིས་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འོས་མིའི་མཚན་ཐོའི་སྐོར་གྱི་འཆར་ཟིན་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་འོས་མིའི་མཚན་ཐོའི་སྐོར་གྱི་འཆར་ཟིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨུ་ཡོན་གྱི་འོས་མིའི་མཚན་ཐོའི་སྐོར་གྱི་འཆར་ཟིན་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས། འཐུས་མི་ཚོགས་པ་ཁག་གིས་ནང་གྲོས་གནང་རྒྱུར་ཕུལ་བ་རེད།།