ཆབ་མདོས་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་རིག་རྩལ་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་རིག་རྩལ་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་ཡོད།  སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  གླུ་གཞས་དང་ཞབས་བྲོ།  འཁྲབ་ཚན་ཐུང་ངུ༌།  གཏམ་བརྗོད་ཟློས་གར།  གླུ་བྲོའི་ཟློས་གར་སོགས་རིག་རྩལ་ཟློས་གར ༣༠༠ ལྷག་ཙམ་དང་།  ཏོག་གསར་གློ་ཚད་འགོག་ཟོན་བརྗོད་གཞིར་བྱས་པའི་རིག་རྩལ་བརྩམས་བྱ ༡༠༣ བཏོད་ནས་རིག་རྩལ་གསར་རྩོམ་ཐད་འགག་སྒྲོལ་གསར་པ་བྱུང་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་པི་ཝང་ཞབས་བྲོ་འཁྲབ་སྟོན་དང་པི་ཝང་སྒྱུ་རྩལ་དབུ་ཚོགས་གླེང་སྟེགས་ཐོག་མ་གཉེར་ནས།  གཏམ་བརྗོད་ཟློས་གར་སྟག་མ་ལའི་སྙིང་སྟོབས་དང་གླུ་བྲོའི་ཟློས་གར་ཆབ་མདོའི་འདས་དོན་སོགས་ཀྱི་ལེ་ཚན་སྤུས་དག་བཏོད་པ་མ་ཟད།  ལྗོངས་ཡོངས་ཀྱི་རལ་པ་འཁྲབ་སྟོན་དང་རལ་པའི་སྒྱུ་རྩལ་དབུ་ཚོགས་གླེང་སྟེགས་ཐོག་མའི་དཔྱད་རྩོམ་གཅེས་བསྡུས་སོགས་བརྗོད་དོན་མངོན་གསལ་དོད་པའི་བརྩམས་ཆོས་ཁག་ཅིག་བཏོད་པའི་ནང༌།  གཏམ་བརྗོད་ཟློས་གར་སྟག་མ་ལའི་སྙིང་སྟོབས་ཞེས་པའི་གསར་བརྗེའི་གཏམ་བརྗོད་ཟློས་གར་དེ་ཆབ་མདོའི་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་ཐོག་མ་ཡང་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]