您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གཙོ་གནད་ལས་འགན་ཁག་ལ་གསལ་འགྲེལ་གནང་བ་དང་ཆབས་ཅིག ལས་དོན་དོན་འཁྱོལ་དམ་འཛིན་བྱས་ནས་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པ་བྱས་ཏེ། ལོ་ལྔ་ཚན་བཅུ་བཞི་པའི་འགོ་ཡག་པོ་བཙུགས་ནས་རྣམ་པ་གསར་པ་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།།