རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་ཁྲེན་ཏུར་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༢༥ ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་ཁྲེན་ཏུར་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ།  ཁྲེན་ཏུར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའི་ཏང་ཙུའུ་དང་།  བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ཏང་ཨུད་ནས་བྱེད་པོའི་འགན་འཁྲི་འཁུར་ཚུལ་གསན་པ་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཐད་བརྟག་ཞིབ་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཨུད་ཀྱི་ཀྲུའུ་རེན་ཝང་ཝེ་ཏུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཝང་ཝེ་ཏུང་ནས།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་རྩིས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སྒྲིག་འཛུགས་དང་སློབ་སྦྱོང་ནན་ཏན་བྱས་ནས།  ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས།  ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་མཐུད་ཆེ་རུ་བཏང་ནས་ཏང་ནན་པོས་སྐྱོང་དགོས་ཞེས་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]