རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་སྲོལ་ཡིག་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༢༤ ཉིན།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་ལ་བསམ་ཤོག་ཡོངས་ཀྱི་ཐོག་ནས་གྲོས་འཆམ་བྱུང་བ་དེ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང༌།  རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྲོལ་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། 
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་མི་རིགས་ཆོས་ལུགས་ཁྲུའི་ཁྲུའུ་ཀྲང་ལིའུ་གཡོད་ནས།  རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་བཏོན་པ་དེའི་ཐོག་ནས།  རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ཁྲོད་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་རང་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་སྐྱེ་ཁམས་ཁེ་ཕན་སྲུང་སྐྱོང་བྱས་ཡོད་ལུགས་མངོན་ཡོད་ཅེས་གསུངས། 
ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཟོའོ་ཡི་ཞིབ་འཇུག་དངོས་སྦྱོང་པ་ཁྲེན་ཧྥུང་ནས།  སྲོལ་ཡིག་ནང་སྐྱེ་ཁམས་འཆར་འགོད་དང་སྐྱེ་ཁམས་བདེ་འཇགས།  སྐྱེ་ཁམས་དཔལ་འབྱོར།  སྐྱེ་ཁམས་རིག་གནས་སོགས་ཀྱི་ཐད་ནས་ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས།  སྤྱི་དམངས་མི་སྒེར་བཅས་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་བཟོས་པ་དང་ཆབས་ཅིག  དོན་ཚན་གཅིག་ལོགས་སུ་དགར་ནས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་ནང་སྤྱི་ཚོགས་ཚོགས་པ་ཞུགས་རྒྱུར་སྒྲིག་འཛུགས་སྐུལ་སློང་བརྒྱུད་དམངས་ཡོངས་ཀྱི་མཉམ་སྐྲུན་དང་མཉམ་བཅོས།  མཉམ་རོལ་བཅས་ཀྱི་འདུ་ཤེས་གང་ལེགས་མངོན་པར་བྱས་ཡོད་ཅེས་གསུངས། 
ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཟོའོ་ཡི་ཝང་པིན་པིན་ནས་དེང་སྐབས་མཚོ་བོད་ས་མཐོའི་ཚན་ཞིབ་ཐེངས་གཉིས་པའི་རྣམ་གྲངས་ཀྱི་འདེགས་སྐྱོར་འོག  རྒྱལ་ཡོངས་ཙམ་མ་ཟད་གོ་ལ་ཧྲིལ་པོའི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ཐད་ཚན་རིགས་རྟོག་ཞིབ་གནང་བཞིན་ཡོད་པ་དང༌།  ལྟ་ཞིབ་ཚད་ལེན་ས་ཚིགས་དང་ལྟ་ཞིབ་ཚད་ལེན་ཡོ་ཆས།  འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་བཅས་ནས་བོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས། 
གཞི་རིམ་ལས་བྱེད་པའི་བསམ་བློ་དེ་དུས་རབས་ཀྱི་རྗེས་སྙེགས་པའི་བླང་བྱ་ལྟར་བྱ་སྤྱོད་དོན་འཁྱོལ་བྱེད་རྒྱུ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན།  གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཕུ་འདམ་ཤང་གི་ཤང་ཀྲང་ཏུའུ་ཞོལ་སུང་ནས་བོད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ང་ཚོའི་མི་རབས་འདིས་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་བྱ་བ་ཞིག་རེད་ཅེས་གསུངས།། 

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]