ལོ་ལྔ་ཚན་བཅུ་གསུམ་པའི་རིང༌རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ལྔ་ཚན་བཅུ་གསུམ་པའི་རིང༌།  རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་མང་ཚོགས་ཀྱི་ལས་གཏོད་ལས་སྒྲུབ་ཀྱི་སྟབས་བདེ་སྐྲུན་ཚད་དང་བློ་མགུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།  རང་སྐྱོང་ལྗོངས་སྲིད་གཞུང་གིས་བསྡོམས་རྩིས་རྒྱབ་པའི་གྲངས་གཞིར་གཞིགས་ན།  དེང་སྐབས་རང་ལྗོངས་སུ་ཁྲོམ་རའི་བྱེད་པོ་ཁྲི་ཚོ ༣༦.༥ ཟིན་པ་དེ་ལོ་ལྔ་ཚན་བཅུ་གཉིས་པའི་དུས་མཇུག་ལས་ལྡབ ༡.༣ འཕར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་ཕྲན་གྲོང་ཚོར།  གཞིས་རྩེའི་པེ་ཡ་གྲིང་ཞིང་ལས་ཉོ་ཚོང་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་ཀུང་སི་དེ་ནི་གསོ་ཚགས་ཐོན་ལས་དང༌གཟན་ཆས་ལས་སྣོན།  ཚགས་ཤ་དང་ལུག་ཤ་ལས་སྣོན་དང་བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་སྦྲེལ་གྱི་དེང་རབས་ཅན་གྱི་འབྲོག་ལས་ཀུང་སི་ཞིག་རེད།
ཀུང་སི་དེས་ཡུལ་དེའི་འབྲོག་ལས་ཕྱོགས་འགྱུར་རིམ་སྤོར་ལ་སྐུལ་འདེད་ཐེབས་པ་མ་ཟད་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཐབས་ལམ་ཡང་གསར་པ་གཏོད་ཡོད།  དེང་སྐབས་ཀུང་སི་དེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ཚུད་པའི་ཡུལ་དེའི་མང་ཚོགས་ལ་ལས་གནས ༢༤༠ མཁོ་འདོན་བྱས་ཡོད།
པེ་ཡ་གྲིང་ཞིང་ལས་ཉོ་ཚོང་ཚད་ཡོད་ཀུང་སི་ནི་ཁྲོམ་རའི་བྱེད་པོ་མང་པོས་བོད་ལྗོངས་ཀྱི་སྟབས་བདེའི་སྲིད་དོན་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་དཔེ་མཚོན་ཙམ་ཞིག་རེད།  ལོ་ལྔ་ཚན་བཅུ་གསུམ་པའི་རིང༌།  རང་ལྗོངས་ཀྱིས་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་སྤེལ་བ་དང༌ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།  ལས་རིམ་སྟབས་བདེ་རུ་གཏོང་བ།  རེ་ཞུའི་དཔྱད་གཞི་ཉུང་དུ་གཏོང་བ།  ལས་སྒྲུབ་བྱེད་ཡུན་ཐུང་དུ་གཏོང་བ།  ཁེ་ལས་ཀྱི་མ་གནས་ཆུང་དུ་གཏོང་བ་བཅས་བརྒྱུད་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ནས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]