སྤྱི་ལོ༢༠༢༠ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱི་གློག་དྲ་ཨ་མ་རྫོང་༼ཆུས༽ཚང་མར་ཁྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱི་གློག་དྲ་ཨ་མ་རྫོང་ ༼ ཆུས ༽ ཚང་མར་ཁྱབ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་ཡོད་པ་དང༌།  འཛུགས་སྐྲུན་ཐད་གློག་ཤུགས་བཟོ་པ་ཚོས་ལ་བརྒྱབ་ཀླུང་བརྒལ་བྱས་ཏེ་གློག་སྐུད་ཁྲིད་པ་དང༌།  དམངས་འཚོའི་ཐད་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་པ།  ཐོན་ལས་ཐད་གོང་འཕེལ་གྱིས་འགུལ་ནུས་གསར་པ་སྦྱིན་པ་བཅས་ཕྱོགས་གསུམ་གྱི་སྒོ་ནས་དཔེ་མཚོན་གྱི་མི་སྣ་དང་དོན་དངོས་བྱ་བ་བརྒྱུད་རང་ལྗོངས་ཀྱི་གློག་ཤུགས་གོང་འཕེལ་གྱི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད་པ་རེད། 
རང་ལྗོངས་ཀྱི་གློག་དྲ་ཨ་མ་དེ་ཉིད་སྤྱི་ལོ ༢༠༡༥ ལོའི་ལོ་མཇུག་ཏུ་རྫོང་ ༼ ཆུས ༽ ༥༨ ལ་ཁྱབ་པ་དང་མི་འབོར་ཁྲི་ཚོ ༢༡༨ .༤ ལ་གློག་མཁོ་འདོན་ཐུབ་པ་ནས།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་ཏུ་རྫོང་ ༼ ཆུས ༽ ༧༤ ཚང་མར་ཁྱབ་ཐུབ་སྟེ་མི་འབོར་ཁྲི་ཚོ ༣༣༠ ཙམ་ལ་གློག་མཁོ་འདོན་ཐུབ་པའི་བར་འཕེལ་རྒྱས་ཕྱིན་ཡོད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་རང་ལྗོངས་ཀྱིས་གློག་དྲའི་ལས་གཞི་འཛུགས་སྐྲུན་ཁྲོད་སྔ་ཕྱི་བསྡོམས་ཡུལ་མི་མི་ཐེངས་ཁྲི་ཚོ ༡༤༧.༤ འཛུགས་སྐྲུན་ནང་ཞུགས་སུ་བཅུག་ཡོད་པ་དང་།  ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར ༡༣.༡ ཡོང་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད།  སྤྱི་ལོ ༢༠༢༠ ལོ་ཁོ་ནར་རང་ལྗོངས་ཀྱི་གློག་ཤུགས་འཛུགས་སྐྲུན་བརྒྱུད་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར ༢.༩ འཕར་སྣོན་བྱུང་ཡོད་པ་རེད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྔ་ཕྱི་བསྡོམས་གློག་དྲར་མ་འཇོག་བྱས་ཚད་སྒོར་དུང་ཕྱུར ༤༩༤ ཟིན་པ་དང༌།  ལས་གཞི་འཛུགས་སྐྲུན་པ་ཁྲི་ཚོ ༡༠ ལྷག་ཙམ་གྱིས་སྔ་རྗེས་སུ་མཚོ་བོད་དང་ཁྲོན་བོད།  བོད་དབུས་རྒྱུད།  མངའ་རིས་བཅས་གློག་ཤུགས་མཁའ་ལམ་བཞི་བསྐྲུན་ནས་རང་ལྗོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོས་གློག་བརྟན་པོ་བེད་སྤྱོད་གཏོང་ཐུབ་པ་བྱས་ཡོད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]