དབུལ་གྲོལ་འགག་སྒྲོལ་གྱིས་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཤིན་ཧྭ་གསར་འགྱུར་ཁང་གིས་ཉེ་དུས།  རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བའི།  དབུལ་གྲོལ་འགག་སྒྲོལ་གྱིས་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད།

རྩོམ་ཡིག་ནང༌། རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་རང་རྒྱལ་གྱི་དབུལ་གྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་།  དབུལ་པོ་དབུལ་ནག་མེད་པ་བཟོ་བའི་ལས་འགན་ལྕི་པོ་ལེགས་སྒྲུབ་ཐུབ་ནས་སླར་ཡང་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད་པའི་ཁྱབ་བསྒྲགས་གནང་ཞིང༌།  ལོ་ངོ་སྟོང་ཕྲག་མང་པོའི་རིང་ཀྲུང་ཧྭ་མི་རིགས་ལ་འཕྲད་པའི་དབུལ་པོ་དབུལ་ནག་གི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་སྟེ།  མིའི་རིགས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་གི་རླབས་ཆེའི་ངོ་མཚར་བཏོད་ཡོད་པའི་ཐོག་ནས་ལོ་བརྒྱའི་རིང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་ཡོད་ལ།  ཀྲུང་གོ་མི་དམངས་ལ་ལྡན་པའི་མི་རིགས་ཀྱི་སྤོབས་སེམས་དང་གདེང་ཚོད་ཆེ་རུ་ཡང་ཤུགས་ཆེན་བཏང་སྟེ་ང་ཚོས་དུས་རབས་གསར་པའི་ཕུགས་འདུན་བསྒྲུབ་རྒྱུ་དང་།  རྒྱང་སྐྱོད་གསར་པར་འབད་འཐབ་བྱེད་རྒྱུའི་ཆོད་སེམས་དང་སྟོབས་ཤུགས་ཆེན་པོ་སྦྱིན་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང༌། ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་དེས་ཀྲུང་ཧྭ་མི་རིགས་གོང་འཕེལ་ལོ་རྒྱུས་ཐོག་གི་ལོ་རྒྱུས་རང་བཞིན་གྱི་མཆོངས་སྐྱོད་བྱེད་ཚུལ་མཚོན་གྱི་ཡོད།  དབུལ་ཕོངས་ནི་མིའི་རིགས་སྤྱི་ཚོགས་ཀྱི་གཅོང་ནད་ལྟ་བུ་ཞིག་ཡིན་ཞིང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་འཁུར་ཡོད།  དོན་དངོས་ལག་ལེན་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཞུམ་མེད་དབུ་ཁྲིད་འོག་དབུལ་ཕོངས་མེད་པ་བཟོ་རྒྱུ་དེ་ཕུགས་འདུན་ནས་མངོན་སུམ་དུ་གྱུར་ཡོད།  ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་དེས་དབུལ་གྲོལ་ས་ཁུལ་གྱི་འགྱུར་ལྡོག་ཆེན་པོ་ར་སྤྲོད་ཐུབ་ཡོད།  ད་ཡོད་ཚད་གཞིའི་ཐོག་རང་རྒྱལ་གྱི་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཁྲི་ཚོ ༩༨༩༩ ཚང་མ་དབུལ་གྲོལ་བྱུང་བ་དང་དབུལ་ཕོངས་རྫོང་ ༨༣༢ ཚང་མ་དབུལ་ཞྭ་ཕུད་པ།  དབུལ་ཕོངས་གྲོང་ཚོ་ཁྲི་ཚོ ༡༢.༨ ཚང་མ་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འཐེན་བཅས་བྱུང་ཡོད།  དབུལ་གྲོལ་འགག་སྒྲོལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་དེ་དག་ལས་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་གལ་ཆེའི་དོན་སྙིང་གཏིང་ཟབ་ལྡན་ཡོད།  ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་དེས་དབུལ་ཕོངས་ཉུང་དུ་བཏང་ནས་རིམ་བཞིན་བཅོས་སྐྱོང་བྱེད་པའི་ཀྲུང་གོའི་མིག་དཔེ་བཏོད་པ་དང༌།  གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  རང་རྒྱལ་གྱིས་དོན་དངོས་ལག་ལེན་ཐོག་ནས་རྒྱལ་སྤྱིའི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་པ་དང་།  འཛམ་གླིང་སྤྱི་ཡོངས་ཀྱིས་དབུལ་ཕོངས་སེལ་བའི་འཐབ་རྩོད་བྱེད་རྒྱུར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ལ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཀྲུང་གོའི་སྟོབས་ཤུགས་འདོན་སྤེལ་ཡང་བྱས་ཡོད་ཅེས་འཁོད་ཡོད།  

རྩོམ་ཡིག་ནང༌། དབུལ་གྲོལ་འགག་སྒྲོལ་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་ནི་ཏང་གི་ཞུམ་མེད་དབུ་ཁྲིད་ལ་བརྟེན་པ་ཞིག་དང་།  ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་པ་ཞིག་རེད།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག་དབུལ་པོ་དབུལ་ནག་མེད་པ་བཟོ་བ་དང༌།  བློ་སྟོབས་སྔར་བས་ཆེར་སྐྱེད་ཀྱི་ཀྲུང་གོ་མི་དམངས་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་གསར་པའི་ཐོག་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱས་ནས།  འཛམ་གླིང་གིས་མིག་བལྟོས་འོས་པའི་མི་ཡུལ་གྱི་ངོ་མཚར་དེ་བས་མང་བ་གཏོད་ཐུབ་ངེས་རེད་ཅེས་འཁོད་ཡོད།།  

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]