རང་ལྗོངས་ཀྱི་ཚན་པ་གཅིག་དང་མི་སྒེར་གཅིག་ལ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་ས་ཚིགས་དང་དཔེ་དམག་གི་མཚན་སྙན་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་ཀྱིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཁྲོད་ཐོན་པའི་དཔེ་སྟོན་ས་ཚིགས་དང་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ཚོར་ཀྲུང་དབྱང་དྲིལ་བསྒྲགས་པུས་མཚན་སྙན་སྤྲོད་རྒྱུའི་མིང་ཐོ་ཁག་དྲུག་པ་ཉེ་དུས་ཁྱབ་བསྒྲགས་བྱས་པའི་ནང༌།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་དོན་བྱེད་ཁྲུའུ་དེ་རྒྱལ་ཡོངས་ཀྱིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཁྲོད་ཐོན་པའི་དཔེ་སྟོན་ས་ཚིགས་ཀྱི་གྲས་སུ་བདམས་ཐོན་བྱུང་བ་དང༌།  རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ལྟ་སྐུལ་དཔྱད་དཔོགས་ཁྲུའི་ལས་བྱེད་པ་པད་མ་སྐྱིད་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་རྒྱལ་ཡོངས་ཀྱི་དཔེ་དམག་མིང་ཐོའི་ནང་བདམས་ཐོན་བྱུང་ཡོད། 
ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཁྲོད་ཐོན་པའི་དཔེ་སྟོན་ས་ཚིགས་དང་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ཁག་སོ་སོར ༥༠ རེ་ཡོད་པ་དེ་དག་ཁེ་ལས་དང་གྲོང་གསེབ།  ལས་ཁུངས།  སློབ་གྲྭ།  སྡེ་ཁུལ།  སྨན་ཁང་སོགས་གཞི་རིམ་ཚན་པ་ཚུད་པའི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག  འཐབ་ཕྱོགས་ཁག་བཅས་ཚང་མར་ཁྱབ་ཡོད།  ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་སྔོན་ཐོན་དཔེ་བཟང་བ་ནི་ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རླབས་ཆེའི་དུས་རབས་ལ་བྱས་རྗེས་འཇོག་པའི་ཕུལ་བྱུང་འཐུས་མི་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བའི་མིག་དཔེའི་ལག་ལེན་པ་ཞིག་ཀྱང་ཡིན།  ད་བར་རང་ལྗོངས་ཀྱི་མཉམ་སྡེབ་དྲུག་དང་མི་སྒེར་དྲུག་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད་པ་རེད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]