您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉིན་ཤས་ནང་། རང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་རིག་གཞུང་ཁྱབ་ཁོངས་དང་སློབ་ཆེན་གྱི་མཁས་དབང་ཚོས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྒྲུབ་པའི་ཁྲོད་འབད་འཐབ་ཆེར་སྐྱེད་བྱ་རྒྱུའི་སེམས་ཤུགས་གང་ལེགས་མངོན་པར་བྱས་ཡོད་པ་དང་། ཚང་མས་མུ་མཐུད་དེ་དབུལ་གྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ལུགས་གསུངས་ཡོད།།