ལྷ་ཉིང་ལྕགས་ལམ་གྱི་འབབ་ཚུགས་ཆེ་ཤོས་ཀྱི་བརྡ་རྟགས་ཆེད་ལས་བདེ་བླག་ངང་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-03-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པའི་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་འབབ་ཚུགས་ཏེ།  ལྷ་ས་འབབ་ཚུགས་ཀྱི་བརྡ་རྟགས་ཆེད་ལས་བདེ་བླག་ངང་གཏོང་འགོ་ཚུགས་པ་དེའི་ཐོག་ནས།  ལྷ་ཉིང་ལྕགས་ལམ་གློག་རླངས་ཅན་གྱི་བསྒྱུར་བཀོད་རྣམ་གྲངས་ཀྱི་བརྡ་རྟགས་ལས་གྲྭ་ཡོངས་མཐའ་མའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད།
ཐེངས་འདིའི་ཨར་སྐྲུན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་དེས་ལྷ་ས་འབབ་ཚུགས་ཀྱི་སྐྱེལ་འདྲེན་བྱེད་ཚད་མང་དུ་ཤུགས་ཆེན་ཕྱིན་པ་མ་ཟད།  ནང་འབར་མེ་འཁོར་དང་ཤུགས་འགྲེམས་མེ་འཁོར་གཏོང་བའི་ཆ་རྐྱེན་ཡང་ལྡན་ནས་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ།  ལྷ་ཉིང་ལྕགས་ལམ་བཅས་ཀྱི་མེ་འཁོར་དག་ལྷ་ས་འབབ་ཚུགས་སུ་འདྲུད་འཐེན་མེ་འཁོར་བརྗེས་ན་འགྲིག་པས།  ལྷ་ས་འབབ་ཚུགས་ཀྱི་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ནས་གོམ་སྟབས་རྗེས་མར་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།
ལྷ་ཉིང་ལྕགས་ལམ་བསྐྲུན་པ་དེས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཐེབས་ནས།  བོད་ཤར་རྒྱུད་ཀྱི་འགྲིམ་འགྲུལ་རྗེས་ལུས་ཀྱི་གནས་ཚུལ་ལེགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]