རང་ལྗོངས་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-03-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་མུ་མཐུད་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་བྱས་པ་དང༌།  བསྟན་ཁོ་སོགས་རང་ལྗོངས་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གྲོས་བསྡུར་ནང་ཞུགས་ཡོད།  ཨུ་ཡོན་རྣམ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དེ་དངོས་ཡོད་དང་མཐུན་ལ་དུས་བབ་ལ་དབྱེ་ཞིབ་བྱས་པ་དེ་གཏིང་ཟབ་པ།  ལས་འགན་བཀོད་སྒྲིག་བྱས་པ་དེ་ཁ་གསལ་བ་བཅས་ཡོད་པས་དེ་ནི་དར་ཆ་མཐོ་བསྒྲེངས་དང་སེམས་ཤུགས་འཕེལ་བ།  མང་ཚོགས་དང་འབྲེལ་འདྲིས་ཆེ་བ།  མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་སྙན་སྒྲོན་བཟང་པོ་ཞིག་ཡིན་པ་དང༌།  འཆར་འགོད་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་གྱི་བསམ་ཕྱོགས་ཁ་གསལ་བ་དང་སྙོམ་སྒྲིག་ཚོད་འཛིན་འོས་འཚམ་ནུས་ལྡན་ཡོད་པས།  སྙན་སྒྲོན་དེ་དག་ལ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་གནང་བ་རེད། 
རང་ལྗོངས་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས།  མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་གནང་སྟེ།  ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ངོས་འཛིན་གཅིག་སྒྲིལ་བྱེད་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ནས།  ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་དང༌།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་།  སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་རྩ་གནད་འཆར་ཟིན་གྲོས་བསྡུར་གནང་སྐབས།  ཨུ་ཡོན་རྣམ་པས་འགན་ནུས་ཧུར་ཐག་སྒྲུབ་པ་དང་སེམས་ནུས་གཅིག་སྒྲིལ་ངང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་གསར་པར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]