རང་ལྗོངས་ཀྱི་ཤང་༼གྲོང་རྡལ༽ཚང་མར་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-31

གསར་འགོད་པར་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར།  ད་ཆ་ལྗོངས་ཡོངས་སུ་ཁྱོན་རིགས་ཁག་གི་གནམ་གཤིས་བརྟག་ཞིབ་ས་ཚིགས ༡༠༠༩ བཙུགས་ཟིན་ནས།  ས་ངོས་གནམ་གཤིས་ས་ཚིགས་ཤང་ ༼ གྲོང་རྡལ ༽ ཚང་མར་ཁྱབ་ཡོད་པས།  ས་ངོས་གནམ་གཤིས་ལྟ་དཔྱད་ལས་སྒོ་ཆ་ཚང་རང་འགུལ་ཅན་ལ་གྱུར་ཡོད། 
མཁའ་དབྱིངས་ཀྱི་གནམ་གཤིས་བརྟག་ཞིབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ།  མཁའ་དབྱིངས་སུ་གནམ་གཤིས་ལྟ་དཔྱད་ས་ཚིགས ༨ དང་གནམ་གཤིས་ལེ་ཏ ༡༢ བཙུགས་པ་དེ་དག་དྲ་སྦྲེལ་བཀོལ་སྤྱོད་ཐུབ་ནས།  སྲུང་སྐར་རྒྱང་ཚོར་བཀོལ་སྤྱོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད་ལ།  རླུང་སྤྲིན་མ་ལག་དང་རྒྱལ་ཁབ་ཕྱི་ནང་གི་སྲུང་སྐར་གཞན་དག ༨ ཀྱི་བརྙན་རིས་དཔྱད་གཞིའི་ཡིག་ཆ་བསྡུ་ལེན་ཡང་ཐུབ་སྟེ་འགྲིམ་འགྲུལ་དང་འཕྲལ་སྡོམ།  དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན ༡༤ ལ་གྲངས་གཞི་མཉམ་སྤྱོད་ཐུབ་ཡོད།
ཉེ་བའི་ལོའི་རིང་།  ལྗོངས་གནམ་གཤིས་སྔོན་བརྡ་དང་ཉེན་གཏོང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་།  ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  རང་ལྗོངས་ཀྱི་ཤང་ ༼ གྲོང་རྡལ་དང་ཁྲོམ་གཞུང་ ༽ ༦༩༥ ཚང་མར་ཞིབ་ཚགས་ཅན་གྱི་གནམ་གཤིས་སྔོན་བརྡ་གཏོང་ཐུབ་པ་བྱུང་ཡོད། 
གནོད་འཚེ་སྔོན་འགོག་དང་ཉུང་གཏོང་།  ཉེན་གཏོང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ་རང་སྐྱོང་ལྗོངས་དང་གྲོང་ཁྱེར ༼ ས་ཁུལ ༽  རྫོང་བཅས་རིམ་པ་གསུམ་དུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནམ་གཤིས་བཀོད་འདོམས་པུའུ་བཙུགས་ཡོད་པས།  གནམ་གཤིས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་ཤང་༼ གྲོང་རྡལ ༽ཚང་མར་ཁྱབ་པ་དང་གནམ་གཤིས་ཆ་འཕྲིན་སྤེལ་གཏོང་མི་སྣ་གྲོང་ཚོ་རིམ་པའི་གནམ་གཤིས་ས་ཚིགས་ཚང་མར་ཁྱབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]