སློབ་གྲྭ་འབྲིང་ཆུང་གི་ནང་དུ་ཚོང་ཁང་སོགས་འཛུགས་མི་ཆོག་པ་བཟོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-31
ཉེ་དུས།  སློབ་གསོ་པུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བཞི་དང་མཉམ་དུ་འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་པའི་ཕྱོགས་སྟོན་བརྡ་ཐོ་ཞེས་བཀྲམ་ནས།  གཞོན་ནུ་ལོ་ཆུང་གི་འཚར་ལོངས་དགོས་མཁོར་འཚམས་པ་དང་།  སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་ལས་དོན་ལ་སྐུལ་འདེད་གཏོང་བ།  སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་འབྲེལ་ཡོད་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་བཅས་ལ་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་གཏན་འབེབས་འདི་སྤྱོད་པའི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ།  ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་ཐད་སྤྱད་ན་འཚམས་པ་དང་།  མཐོ་སློབ་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ  བུ་བཅོལ་ཁང་བཅས་ཀྱིས་འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་པར་དཔེ་བལྟས་ནས་ལག་བསྟར་བྱ་ཆོག་པ་གསལ་པོ་བཏོན་ཡོད།
བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་ནང་དུ་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་འཛུགས་མི་ཆོག་པའི་གཏན་འབེབས་གསལ་པོ་བྱས་ཡོད་པ་སྟེ།  དོན་ཚན་ཉེར་ལྔ་པར་སློབ་གྲྭའི་ནང་ཚོང་ཁང་ཆུང་ཆུང་དང་སྒོ་རྩིས་ཚོང་ཁང་སོགས་བཟའ་རིགས་ཚོང་ས་འཛུགས་མི་ཆོག་པ་དང་ཚྭ་མང་བ་དང་།  མངར་ཆ་མང་བ།  ཞག་ཚི་མང་བ་བཅས་ཀྱི་བཟའ་རིགས་དང་ཨ་རག་གི་ཉིང་ཁུ་འདུས་པའི་བཏུང་བྱ་ཚོང་མི་ཆོག  མངར་ཆ་འདུས་པའི་བཏུང་བྱ་དང་བྲོ་རྫས་ཀྱིས་བཟོས་པའི་བཟའ་བཅའ་སོགས་ཞོར་ཟས་བརྡ་ཁྱབ་གཏོང་མི་ཆོག་ཅེས་བཏོན་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]