ལོ་སྟོད་དུ་རང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཤུགས་ཆེར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-31

སྤྱི་ལོ ༢༠༢༡ ལོའི་ལོ་སྟོད་དུ།  རང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར ༡༩.༨༤ ཟིན་ནས།  དུས་མཚུངས་ལས་ལྡབ ༡.༤ འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  དེ་དག་ལས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར ༨.༧༩ ཟིན་ནས་བརྒྱ་ཆ ༦༡.༣ འཕར་བ་དང་།  ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༡༡.༠༥ ཟིན་ནས་ལྡབ ༢.༩ འཕར་ཡོད།  ད་ལོའི་ཟླ་གཉིས་པ་ནས་བཟུང་།  རང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཐད་བསྟུད་མར་ཟླ་བ་ལྔའི་རིང་འཕར་བ་དང་།  ཟླ་དྲུག་པའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར ༥.༢༡ ཟིན་ནས་ལྡབ ༤ འཕར་ཡོད།
རང་ལྗོངས་ཀྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༡༣.༠༩ ཟིན་ནས་ལྡབ ༢.༡ འཕར་བ་དང་།  མཐའ་མཚམས་འབོར་ཆུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༦.༥༢ ཟིན་ནས་བརྒྱ་ཆ ༨༠.༩ འཕར་ཡོད།  གཞན་ཡང་།  སྨན་བཅོས་དངོས་ཟོག་དང་རོགས་སྐྱོར་རིགས་ཀྱི་དངོས་ཟོག་ཕྱིར་གཏོང་ཡང་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དང་།  བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན།  རང་ལྗོངས་ཀྱི་ནང་འདྲེན་དངོས་ཟོག་གཙོ་བོ་ནི་མཐོ་གསར་ལག་རྩལ་རིགས་ཀྱི་ཐོན་རྫས་ཡིན་ལ།  ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༩.༦༣ ཟིན་ནས་ལྡབ ༥.༦ འཕར་བ་དང་།  ཞིང་ཟོག་ཐོན་རྫས་སྒོར་དུང་ཕྱུར ༠.༣༢ ཟིན་ནས་ལྡབ ༥.༩ འཕར་བ་དང་།  ཕྱིར་གཏོང་དངོས་ཟོག་གཙོ་བོ་ནི་ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་རིགས་ཡིན་ལ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར ༥.༢༧ ཟིན་ཡོད།
རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༩.༧༧ དང་།  དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༩.༧༡ ཟིན་ནས་བསྡོམས་རྩིས་བརྒྱབ་ན་ཕྱི་ཕྱོགས་ཉོ་ཚོང་བསྡོམས་འབོར་གྱི་བརྒྱ་ཆ ༩༨ ཡན་ཟིན་ཡོད།
སྐྱེལ་འདྲེན་བྱེད་སྟངས་ཐད།  འགྲིམ་འགྲུལ་གྱི་གསབ་རེས་ནུས་པ་རྒྱུན་ཆད་མེད་པར་ཐོན་པ།  རང་ལྗོངས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༡༠.༠༥ ཟིན་ནས་ལྡབ ༤.༨ འཕར་བ་དང་།  གཞུང་ལམ་སྐྱེལ་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༦.༩༤ ཟིན་ནས་བརྒྱ་ཆ ༧༣.༢ འཕར་བ།  ཆུ་ཐོག་སྐྱེལ་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༢.༦༧ ཟིན་ནས་བརྒྱ་ཆ ༦༡.༣ འཕར་བ།  དངོས་ཟོག་འདོན་འཇུག་བྱེད་ཚད་གཙོ་བོ་ཁྲེང་ཏུའུ་དང་ཧྲང་ཧེ་སོགས་ཀྱི་མཁའ་འགྲུལ་དང་།  མཚོ་ཐོག་སྐྱེལ་འདྲེན་གྱི་འགག་སྒོ་དང་དེ་བཞིན་རང་ལྗོངས་ཀྱི་སྐྱིད་རོང་དང་འགྲམ་སོགས་འགག་སྒོ་བརྒྱུད་པས།  ཕྱི་ཕྱོགས་ཉོ་ཚོང་གི་སྐྱེལ་འདྲེན་བྱེད་སྟངས་སྔར་བས་བབ་བསྟུན་བྱུང་ནས།  འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་སྔར་བས་ལེགས་སུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]