མལ་གྲོ་གུང་དཀར་རྫོང་གིས་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་བཀོད་སྒྲིག་བསྐྱར་མ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-04

ཉེ་དུས།  མལ་གྲོ་གུང་དཀར་རྫོང་གིས་ཐོན་སྐྱེད་བདེ་འཇགས་ལས་དོན་བཀོད་སྒྲིག་བསྐྱར་མ་བྱེད་པའི་ཚོགས་འདུ་འཚོགས་པ་རེད།  ཚོགས་འདུའི་ཐོག  ཉེ་དུས་རྫོང་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད།  འབྲེལ་ཡོད་ཚན་པ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ཐོན་སྐྱེད་བདེ་འཇགས་ལ་ལྷོད་གཡེང་སྤུ་ཅམ་གཏོང་མི་རུང་བའི་སྔོན་བརྡ་བསྒྲགས་ནས་ཐོག་མཐའ་བར་གསུམ་དུ་ཐོན་སྐྱེད་བདེ་འཇགས་ཀྱི་དམར་ཐིག་མཐོན་པོར་འདེགས་པ་དང་།  ཐོག་མཐའ་བར་གསུམ་དུ་ཐོན་སྐྱེད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ།  ཐོག་མཐའ་བར་གསུམ་དུ་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ།  ཐོན་སྐྱེད་བདེ་འཇགས་ཐད་རྐྱེན་ངན་མ་བྱུང་སྔོན་འགོག་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག  སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།  ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་།  ལྷག་དོན་དུ་འགྲོ་ལམ་འགྲིམ་འགྲུལ་དང་མི་སྣ་འདུ་འཛོམས་ཆེ་ས།  དགོན་སྡེ་དང་སློབ་གྲྭ  མཛེས་ལྗོངས་ཁུལ།  རྡོ་སོལ་མིན་པའི་གཏེར་རི།  ཉེན་ཡོད་རྫས་འགྱུར་དངོས་རྫས།  བཟའ་བཅའི་བདེ་འཇགས་དང་དེ་བཞིན་སྐྲུན་བཞིན་པའི་རྣམ་གྲངས་སོགས་ཁྱབ་ཁོངས་ཁག་ལ་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  མངོན་མེད་རྐྱེན་རྩར་ལེབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རང་བྱུང་གནོད་འཚེ་དང་ལྷག་དོན་དུ་ཆུ་རུད་དང་རི་ཉིལ་བ་སོགས་མངོན་མེད་རྐྱེན་རྩར་ལེབ་བཤེར་བཅོས་སྒྲིག་དང་སྔོན་འགོག་ཐག་གཅོད་ལས་དོན་ཏན་ཏིག་ངང་སྤེལ་དགོས་པ།  མཉམ་འགུལ་ལམ་སྲོལ་བཟོས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་གཡོལ་ཐབས་མེད་པ་བཟོས་ནས།  ཐོན་སྐྱེད་བདེ་འཇགས་རྒྱུན་མཐུད་ཡག་པོ་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་དང་ཆབས་ཅིག  རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་ཡང་བཏོན་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]