ལྷོ་ཁས་སྤུས་དག་གོང་འཕེལ་ལ་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-04

ཉེ་བའི་ལོའི་རིང་།  ལྷོ་ཁ་གྲོང་ཁྱེར་གྱིས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ནས་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གང་མགྱོགས་བཏང་བས།  གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པའི་ཐད་ཕན་འབྲས་ཐོན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུད་གཅིག་ལམ་གཅིག་གི་གོང་འཕེལ་འཐབ་ཇུས་དང་ནུབ་རྒྱུད་གསར་སྤེལ་ཆེ་མོ།  རང་སྐྱོང་ལྗོངས་ནས་ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གཏོད་མགྱོགས་སུ་གཏོང་བ།  ལྷ་ས་དང་ལྷོ་ཁ།  གཞིས་རྩེ་བཅས་ལྟེ་བའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས།  སྲིན་བུ་རི་དང་འཕྲེང་འགོ  བསམ་ཡས།  སྐྱེད་པ་སོགས་ཀྱི་སྤུས་དག་གོང་འཕེལ་ལ་སྐུལ་འདེད་བཏང་ཞིང་མཐའ་མཚམས་དང་དབུས་རྒྱུད།  གཙང་པོ་རྒྱུག་ཁུལ་བཅས་ཁུལ་ཁོངས་ཆེན་པོ་གསུམ་གྱི་མཐུན་སྦྱོར་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ་དང་།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་བྱས་པ་དང་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་བ་མ་ཟད།  སྒྲིག་བཀོད་ཞིང་ལས་དང་དེང་རབས་འབྲོག་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ།  ཁྱད་ལྡན་ཐོན་ལས་སྟོབས་ཆེ་རུ་དང་ཕན་འབྲས་ཐོན་པ་བྱེད་པ།  རི་དང་ཆུ་བོ།  ནགས་ཚལ།  ཞིང་ཁ།  མཚེའུ།  རྩྭ་ཐང་།  བྱེ་ཐང་།  འཁྱགས་ཀླུང་བཅས་ལ་གཅིག་འགྱུར་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་བྱས་ཏེ།  སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་ནན་སྲུང་བྱས་ནས་སྐྱེ་ཁམས་ཡག་པོ་ཞིག་གཏོད་པ།  སྐྱེ་ཁམས་སླར་གསོ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་རང་བཞིན་གྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་།  བྱེ་སྐྱོན་འགོག་བཅོས་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་བ།  ཞིང་དོར་ནགས་བཟོ་དང་སྐྱས་སྤོས་རྩྭ་གསོ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་པ།  མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མང་ཚོགས་ལ་འཕྲལ་མཁོ་ཆེ་ལ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེ་བྱེད་པ་བཅས་བྱས་ནས།  མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་མཐུད་ཆེ་རུ་བཏང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]