ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-04

ཉེ་ཆར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་༼ ལོ་བརྒྱའི་ལོ་རྒྱུས། བོད་དུ་འབྲས་བཟང་སྨིན ༽ཞེས་པའི་མང་ཚོགས་ཀྱི་སློབ་གསོའི་རིག་རྩལ་མཉམ་འཁྲབ་བྱེད་སྒོ་སྤེལ་ཡུལ་དུ།  ཉིང་ཁྲི་གྲོང་ཁྱེར་ཡུལ་མཇུག་ཁུལ་གྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་རོགས་སྐྱོར་ཐོབ་པའི་ཁྱིམ་ཚང་གིས།  ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ལ་སློབ་མ་ཤེས་ལྡན་པར་འགྱུར་རྒྱུར་རོགས་རམ་དང་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་དུ་བཅངས་ཞེས་བྲིས་པའི་དར་ཆ་དམར་པོ་ཞིག་ཕུལ་ནས།  དམངས་སྲིད་ཅུས་དེས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཆེད།  རང་འགུལ་ངང་ཤེས་རྟོགས་དང་རོགས་སྐྱོབ་སོགས་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

མང་ཚོགས་ཀྱི་བསྔགས་བརྗོད་ནི་གང་ལས་ལྷག་པ་ཡོད།  དཀའ་ངལ་ཡོད་པའི་མང་ཚོགས་ནི་སྤྱི་ཚོགས་ཀྱི་ཉམས་ཞན་ཚོགས་སྤྱི་ཡིན་པས་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་དགོས་ངེས་ཡིན།  ཤེས་རྟོགས་བྱུང་བར་གཞིགས་ན།  སླད་ཕྱིན་ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མུ་མཐུད་ལག་ལེན་བསྟར་ནས།  དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་དང་རོགས་རམ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ།  ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཚོས་ཚོར་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]