ཉིང་ཁྲིར་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-04

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་ཉིང་ཁྲིའི་ས་ཆ་ཁག་ཏུ་ཟབ་སྐྱོད་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་ཁྲོད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པར་འཆད་ཁྲིད་གཏིང་ཟབ་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་རྩ་འཛུགས་པུའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཕུན་ཚོགས་བསྟན་འཛིན་གྱིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་།  སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་གཏིང་ཟབ་པ།  གོ་བདེ་བ་དང་རྟོགས་སླ་བ་བཅས་ཡོད་པས།  རྒྱ་ཆེའི་ལས་བྱེད་ལས་བཟོ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གོ་བ་ཡག་པོ་ལེན་ཐུབ་ཡོད། 
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་སྤྱི་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཡང་ཅན་གྱིས།  དེ་རིང་གི་སྒྲོག་འགྲེལ་སྙན་ཞུ་ཉན་རྗེས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་ཀྱི་དགོངས་དོན་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་བྱུང་ཞེས་གསུངས།
རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་རྒྱ་མདའ་རྫོང་དང་སྤོ་བོ་རྫོང་།  སྨན་གླིང་རྫོང་།  སྣང་རྫོང་བཅས་སུ་སྒྲོག་འགྲེལ་བྱས་པ་དང་།  མེ་ཏོག་རྫོང་དང་རྫ་ཡུལ་རྫོང་གཉིས་སུ་བརྙན་ལམ་ཚོགས་འདུའི་ཐོག་ནས་སྒྲོག་འགྲེལ་བྱས་པ་རེད།  སྙན་ཞུའི་ཚོགས་འདུའི་གཙོ་དོན་ཁ་གསལ་བ་དང་བསམ་ཕྱོགས་ཁ་གསལ་བ།  ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས།  ཉིང་ཁྲི་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་དྲིལ་བསྒྲགས།  དོན་འཁྱོལ་བཅས་བྱས་ཏེ།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་ཆེད་མཛུབ་ཁྲིད་ནུས་ལྡན་བྱས་ཡོད།
ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་དོན་ཁྲུའི་ཁྲུའུ་ཀྲང་། མཐོ་རིམ་འཆད་ཁྲིད་པ་ཧའོ་ཧྲའོ་ཅིང་གིས།  སྙན་ཞུའི་ནང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་གཙོ་དོན་དང་།  རླབས་ཆེའི་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་གཙོ་ཐིག་ངེས་པར་དུ་དོན་འཁྱོལ་བྱེད་པའི་གཞི་རྩའི་བླང་བྱ་བཅས་གསལ་འགྲེལ་བྱས་ཏེ།  བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུར་དཔེ་སྟོན་བྱས་ཡོད་ཅེས་གསུངས།

ཚང་མས་སྒྲོག་འགྲེལ་ནན་ཏན་ངང་ཉན་པ་དང་ཟིན་བྲིས་བརྒྱབ་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས།  རང་འགུལ་ངང་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ཚད་འཛིན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་དང་ལྷག་པར་དུ་ཉིང་ཁྲིར་གཟིགས་ཞིབ་གནང་རིང་གི་བཀའ་སློབ་གལ་ཆེན་རབ་དང་རིམ་པ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ།  སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་བྱེད་རྒྱུ་ཡིན་ཞེས་བཤད།

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་རྫོང་དཔོན་གཞོན་པ། གསུམ་འཛོམས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་པིན་གྱིས།  ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ཏེ།  གསར་བརྗེའི་རིག་གནས་དར་སྤེལ་ཡག་པོ་གཏོང་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་རྒྱུ་ཡིན་ཞེས་གསུངས།

ཉིང་ཁྲི་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལེང་ཞའོ་སླིད་ཀྱིས།  ང་ཚོས་ཡང་དག་པའི་མི་དམངས་ལྟ་བ་འཛུགས་པ་དང་ཏང་འཛུགས་ཀྱི་སྙིང་སྟོབས་ལག་ལེན་བསྟར་ཐོག  ཏང་ཀྲུང་དབྱང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་རང་འཁྲིའི་ལས་གནས་ཐོག་འགན་འཁུར་ལས་སྒྲུབ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]