རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་རིག་རྩལ་ཚོགས་པས་རང་ལྗོངས་སུ་འཚམ་འདྲིའི་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-19

ཟླ་མཆོད་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་རིག་རྩལ་ཚོགས་པས་རང་ལྗོངས་སུ།  ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་རྒྱང་ལམ་གསར་པར་འབད་འཐབ་བྱེད་ཅེས་པའི་འཚམ་འདྲིའི་འཁྲབ་སྟོན་བྱས་ཏེ།  བླ་ན་མེད་པའི་གུས་བཏུད་དང་ཟོལ་མེད་ཀྱི་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོ་ནས་བཟུང་།  དུས་ཐུང་ལོ་གཉིས་ནང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་རིག་རྩལ་ཚོགས་པས།  སྔ་རྗེས་སུ་བོད་སྐྱོད་འཚམ་འདྲིའི་འཁྲབ་སྟོན་ཐེངས་གསུམ་བྱས་པ་དང་ད་རེས་གཟའ་འཁོར་གཅིག་ནང་འཁྲབ་སྟོན་ཐེངས་བཞི་བྱེད་རྩིས་ཡོད།

རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་འཁུར་བས།  རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་རིག་རྩལ་ཚོགས་པ་བོད་དུ་སླར་ཡང་འཁྲབ་སྟོན་བྱེད་པར་ཡོང་བ་མ་ཟད།  འཁྲབ་སྟོན་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་གཞི་རིམ་ལ་ཁ་ཕྱོགས་པ་དང་རྒྱ་ཆེའི་ངལ་རྩོལ་པའི་ཁྲོད་ཟབ་སྐྱོད་ཐུབ་པ་བྱས་ཏེ།  ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མཛའ་བརྩེ་ཟབ་མོ་སྔར་བས་ཚོར་ཐུབ་པ་བྱེད་མུས་ཡིན་པས།  བོད་ལྗོངས་མི་རིགས་ཁག་གི་ལས་བཟོ་པར་སེམས་འགུལ་ཆེན་པོ་ཐེབས་ཏེ་འབད་འབུངས་ཡར་བརྩོན་གྱི་སེམས་ཤུགས་ཐོག་ནས་ཏང་གི་བཀའ་དྲིན་དག་ལས་སྒྲུབ་ལས་གཏོད་ཀྱི་འགུལ་ཤུགས་ཆེན་པོར་འགྱུར་ངེས་རེད་ཅེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]