གཞིས་རྩེ་གྲོང་ཁྱེར་གྱིས་སོན་བཟང་ཁྱབ་སྤེལ་བཏང་ནས་འབྲུ་རིགས་ཐོན་སྐྱེད་གོང་འཕེལ་བརྟན་པོ་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-25

ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་ཀྱི་ཐོན་འབབ་འཕར་སྣོན་དང་ཞིང་ལས་ཀྱི་ལས་ཆོད་ཆེར་གཏོང༌།  ཞིང་པའི་ཡོང་འབབ་འཕར་སྣོན་བཅས་ཡོང་བ་བྱེད་པའི་འབྲུ་རིགས་བདེ་འཇགས་འགན་སྲུང་གི་གཙོ་དོན་དང་བསྟུན་ནས།  འགན་སྲུང་བྱ་ཐབས་ཁག་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ།  ཧི་མ་ལ་ཡ་ཨང་ ༢༢ དང་བོད་ནས་ཨང་ ༢༠༠༠ སོགས་ནས་ཀྱི་སོན་བཟང་རྒྱུད་སྤེལ་ཁྱབ་གདལ་བཏང་བར་བརྟེན་ནས།  ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་གོང་འཕེལ་བརྟན་པོ་ཡོང་བ་བྱས་ཡོད། 

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༡ ལོར་གཞིས་རྩེ་གྲོང་ཁྱེར་གྱི་སྤྱིའི་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་ཚོ ༡༣༩ ཟིན་པ་དང་།  གཙོ་གནད་འབྲུ་རིགས་ཐོན་ཁུལ་རྫོང་ ༼ ཆུས ༽བཅས་སུ་སྤུས་འབྲས་གཉིས་ལྡན་གྱི་འབྱུང་འཕྲོད་འབྲུ་རིགས་གསར་འཛུགས་དཔེ་སྟོན་མུའུ ༧༣ དང་།  ས་དཔྱད་ལུད་སྦྱོར་དཔེ་སྟོན་མུའུ་ཁྲི་ཚོ ༧༨ ལེགས་སྒྲུབ་བྱས་པ་མ་ཟད།  ནས་དང་དགུན་བྲོ།  པད་ཁ།  ཞོག་ཁོག་སོགས་ལོ་ཏོག་གཙོ་བོའི་སོན་བཟང་རྒྱུད་སྤེལ་རྟེན་གཞི་མུའུ ༦༢༦༠༠ ཡང་སྐྲུན་ཡོད། 
རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་བའི་དམིགས་ཚད་ལས་འགན་གཞིར་བཟུང་།  གཞིས་རྩེས་ནས་ཀྱི་ཐོན་འབབ་འཕར་སྣོན་ལས་ཀའི་དམིགས་ཚད་དང་བསྟུན་ཏེ།  ནས་ཀྱི་སོན་བཟང་ཧི་མ་ལ་ཡ་ཨང་ ༢༢ མུའུ་ཁྲི་ཚོ ༥༨ ཁྱབ་གདལ་ནུས་ལྡན་བཏང་བ་དང་།  ནས་ཀྱི་སོན་བཟང་ཁྱབ་ཚད་བརྒྱ་ཆ ༩༦.༥ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]