རང་ལྗོངས་ཀྱིས་བྱ་ཐབས་མང་པོ་བཏོན་ཏེ་རྒན་རྒོན་ཚོའི་རིག་ནུས་ལག་རྩལ་སྤྱོད་པའི་ནུས་པ་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-16

དེང་སྐབས་རྒན་རྒོན་ཚོས་རིག་ནུས་ལག་རྩལ་སྤྱོད་པའི་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ།  རྒན་རྒོན་ཚོའི་གཞི་རྩའི་དགོས་མཁོ་གང་ལེགས་སྐོང་ཆེད།  རང་ལྗོངས་ཀྱིས་བྱ་ཐབས་མང་པོ་བཏོན་ཏེ་རྒན་རྒོན་ཚོའི་རིག་ནུས་ལག་རྩལ་སྤྱོད་པའི་ནུས་པ་ཆེ་རུ་གཏོང་རོགས་བྱས་ནས།  རྒན་རྒོན་ཚོ་ཤེས་རིག་སྤྱི་ཚོགས་ནང་མཉམ་འདྲེས་ཧུར་ཐག་ཐུབ་རྒྱུར་རོགས་རམ་བྱས་ཡོད།
ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ནས་གྲོང་སྲིད་ཀྱི་རྟ་སྒ་ཆ་སྒྲིག་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་འཐུས་སྒོ་ཚང་དུ་བཏང་སྟེ།  རྒན་རྒོན་ཚོའི་གཞི་རྩའི་འཚོ་བའི་དགོས་མཁོ་བསྐངས་ཡོད།  གཞུང་ལམ་དང་ལྕགས་ལམ།  དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་སྤྱི་པའི་འགྲིམ་འགྲུལ་གྱིས་དྲ་ཐོག་འཁོར་འབོད་དང་སྤ་སེ་ཉོ་བ།  ཨང་རྟགས་བཤེར་ནས་རླངས་འཁོར་ནང་སྡོད་པ་བཅས་ཀྱི་ཞབས་ཞུ་ཁྱབ་གདལ་གཏོང་བ་དང་ཆབས་ཅིག  དངུལ་དམར་དང་འཛིན་ཤོག  ལག་ཁྱེར་སོགས་ལ་བརྟེན་ནས་རླངས་འཁོར་ནང་སྡོད་ཆོག་གི་ཡོད།  རྒན་རྒོན་གྱི་བློ་འདྲིའི་ཞབས་ཞུའི་ས་ཚིགས་བཙུགས་པས་རྒན་རྒོན་ཚོས་སྤ་སེ་ཉོ་བ་དང་སྤ་སེ་ཕྱིར་ལོག་བྱེད་པ།  རླངས་འཁོར་ནང་སྡོད་པ་སོགས་ཀྱི་ཐད་ཁྲིད་སྟོན་ཐུབ་སྟེ་རྒན་རྒོན་ཚོ་སྤྱི་སྤྱོད་རླངས་འཁོང་ནང་སྡོད་པ་སོགས་ཀྱི་འགྲོ་ལུགས་སྔར་བས་སྟབས་བདེར་བཏང་ཡོད།  རིམ་ཁག་སྨན་བཅོས་ཚན་པས་རྒན་རྒོན་སྨན་བཅོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤ་སེ་བཀག་ས་མང་པོ་དང་སྔོན་མངག་ཞབས་ཞུ་སོགས་མཁོ་འདོན་བྱས་པ་དང་།  དྲ་ཐོག་ནས་སྨན་བཅོས་ཀྱི་ཞབས་ཞུའི་འགྲོ་ལུགས་གཉེར་སྒྲུབ་བྱེད་རྒྱུ་སྟབས་བདེ་རུ་བཏང་བ་མ་ཟད་སྤ་སེ་བཀག་པ་དང་སྨན་རིན་སྤྲོད་པ།  བརྟག་དཔྱད་སྙན་ཞུ་ལེན་པ་སོགས་ཀྱི་མི་ཐབས་ཞབས་ཞུའི་སྐར་ཁུང་བཀོད་སྒྲིག་བྱས་པ་དང་།  བློ་འདྲི་བྱེད་ས་དང་དང་བླངས་པ་སོགས་བཀོད་སྒྲིག་བྱས་ནས་རྒན་རྒོན་ལ་སྨན་བཅོས་ཐད་མཛུབ་ཁྲིད་ཞབས་ཞུ་སྒྲུབ་ཀྱི་ཡོད།

དེ་དང་ཆབས་ཅིག  རྒན་རྒོན་ཚོའི་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་ཆེད།  སྡེ་ཁུལ་དང་ཁྱིམ་ཚང་གི་བདེ་ཐང་ཞབས་ཞུའི་སྟེགས་བུ་བཙུགས་ནས་མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་ཟུང་དུ་འབྲེལ་བའི་ཞབས་ཞུར་སྐུལ་འདེད་བཏང་སྟེ་རྒན་རྒོན་ཚོའི་རྒྱུན་གཏན་གྱི་བདེ་ཐང་དོ་དམ་ཞབས་ཞུ་སྒྲུབ་ཀྱི་ཡོད།  ལས་གཉེར་ཞབས་ཞུའི་ཐད།  རང་སྐྱོང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུར་བརྟེན་ནས་སྲིད་དོན་གྲངས་གཞི་མཉམ་སྤྱོད་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་།  མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་དུ་འབྲེལ་རྒྱུ་རྒྱ་སྐྱེད་བཏང་བ།  གཅིག་འཐུས་རྣམ་པའི་ཞབས་ཞུ་ཁྱབ་གདལ་བཏང་བ་བཅས་བྱས་པས་རྒན་རྒོན་ཚོར་སྔར་བས་སྟབས་བདེ་སྐྲུན་ཡོད།  ཐག་རིང་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཚན་པ་དང་རྒན་རྒོན་གྱི་བྱེད་སྒོ་ཁང་སོགས་སུ་དྲ་ཆེན་ཁྱབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།  རྒན་རྒོན་ཚོར་འཚམས་པའི་རིག་ནུས་ལག་ཐོག་ཁ་པར་དང་རིག་ནུས་རམ་འདེགས་ཡོ་ཆས་སོགས་ཀྱི་མཐའ་སྣེའི་ཐོན་རྫས་བེད་སྤྱོད་ཁྱབ་གདལ་བཏང་བ་དང་།  རྒན་རྒོན་ལ་འཚམས་པའི་མཉམ་འབྲེལ་དྲ་རྒྱའི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་ལག་བསྟར་བྱས་པས་རྒན་རྒོན་ཚོས་ཆ་འཕྲིན་ཤེས་རྟོགས་བྱེད་རྒྱུར་སྟབས་བདེ་སྐྲུན་ཡོད།
གཞན་ཡང་།  རང་ལྗོངས་ཀྱིས་རྒན་རྒོན་སློབ་ཆེན་དང་རྒན་གསོའི་ཞབས་ཞུའི་ཚན་པ།  སྡེ་ཁུལ་གྱི་རྒན་རྒོན་སློབ་སྦྱོང་བྱེད་གནས་སོགས་བརྒྱུད།  རྒན་རྒོན་ཚོས་ཉམས་མྱོང་སློབ་སྦྱོང་དང་སྤེལ་རེས།  ཕན་ཚུན་རོགས་རམ་བཅས་བྱེད་རྒྱུར་སྒྲིག་འཛུགས་བྱས་པ་དང་ཆབས་ཅིག  རིག་ནུས་ལག་རྩལ་སྤྱོད་པའི་སློབ་གསོའི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོས་བྱ་དངོས་གསར་པ་ཤེས་རྟོགས་དང་ཚན་རྩལ་གསར་པ་ཉམས་ལེན་བྱས་ཏེ།  ཤེས་རིག་སྤྱི་ཚོགས་ནང་མཉམ་འདྲེས་ཧུར་ཐག་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]