ཅང་ཅེས་རང་ལྗོངས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-16

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས།  རང་ལྗོངས་ཀྱི་ལས་ཞུགས་སྐུལ་སྤེལ་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཅང་ཅེ་ནས།  ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།  ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་བསམ་སྦྱོར་གཅིག་གྱུར་ཡོང་བ་བྱེད་པ་དང་།  ཐོན་ལས་གོང་འཕེལ་དང་ཁྲོམ་རའི་དགོས་མཁོར་དམིགས་ཏེ།  རྩལ་ནུས་སྦྱོང་བརྡར་བྱ་རྒྱུ་དེ་གལ་ཆེར་བརྩིས་ནས་ཐོན་ལས་རིམ་སྤོར་བརྒྱུད་ལས་ཞུགས་ལས་གཏོད་ལ་སྔར་བས་སྐུལ་འདེད་གཏོང་དགོས་པའི་བླང་བྱང་བཏོན་གནང་བ་རེད།
ཅང་ཅེ་ནས།  ད་དུང་གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་མངོན་ཆེར་འཛིན་ཏེ།  ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཐོག་དུས་བབ་ལ་དབྱེ་ཞིབ་དང་མཐའ་དཔྱོད་ནན་ཏན་བྱས་ནས་ལས་ཞུགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཐོག  སྔ་ཙམ་ཇུས་འགོད་དང་དུས་སང་གི་ལས་ཞུགས་ལས་ཀར་བཀོད་སྒྲིག་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]