ད་ལོའི་དཔེ་རྟགས་བྱ་སྤྱོད་ཀྱི་མུ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་ཅང་སུའུ་སློབ་འབྲིང་དུ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-16

སྤྱི་ཚེས ༡༥ ཉིན།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་སྤྱི་ལོ ༢༠༢༡ ལོའི་དཔེ་རྟགས་བྱ་སྤྱོད་ཀྱི་མུ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་ཅང་སུའུ་སློབ་འབྲིང་དུ་སྤེལ་བ་རེད།  ད་རེས་ཀྱི་བྱེད་སྒོ་ནི་ལྗོངས་ཡོངས་ཀྱིས་འཆལ་རྡུང་ལོག་སེལ་དང་མྱུག་སྲུང་ཞེས་པའི་སྤྱི་ལོ ༢༠༢༡ ལོའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བའི་གྲུབ་ཆའི་ཆ་ཤས་ཤིག་ཡིན་པ་དང་།  དམིགས་ཡུལ་གཙོ་བོ་ནི་གཞོན་ནུ་ལོ་ཆུང་གི་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་བཏང་ནས་འབྱུང་འཕྲོད་ལྟ་ཀློག་དང་ཤེས་དཔལ་དྲ་ཞུགས།  བདེ་ཐང་འཚར་ལོངས་བཅས་ལ་འབོད་སྐུལ་བྱེད་རྒྱུ་དེ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དགེ་སློབ ༣༠༠ ལྷག་ཙམ་གྱིས་དཔེ་དེབ་ལྟ་ཀློག་ལ་དགའ་བ་དང་དཔེ་དེབ་ཡག་པོ་ཀློག་རྒྱུ་མཚོན་པའི་དཔེ་རྟགས་བླངས་ཡོད།  དགེ་སློབ་ཚོས་ད་དུང་མཉམ་སྡེབ་ཐོག་དེབ་རྟགས་བྱ་སྤྱོད་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་མ་ཟད་འཆལ་རྡུང་ལོག་སེལ་ཤེས་བྱར་ལན་ཡང་བཏབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]