ལྷ་སའི༢༠༢༡ལོའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-17

སྤྱི་ཚེས ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད ༩ དང་སྐར་མ ༣༠ ཐོག  ལྷ་སའི་སྤྱི་ལོ ༢༠༢༡ ལོའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བྱེད་འགོ་ཚུགས་པ་དང༌།  ད་ཐེངས་ཀྱི་འགྲན་རྒྱུག་ནང་ཞུགས་མཁན་མི ༣༠༠༠ ལྷག་ཟིན་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་མར་སུན་འགྲན་རྒྱུག་ནང་ཚེ་རིང་མཚོ་མོས་ཆུ་ཚོད ༡ དང་སྐར་མ ༢༤ སྐར་ཆ ༠༡ གི་གྲུབ་འབྲས་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་།  བསོད་ནམས་ཚེ་རིང་ལ་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་ཡོད་ཅིང་།  ཉི་མ་བསམ་གྲུབ་དང་གཡང་འཛིན་ལྷ་མོར་ཁག་སོ་སོར་སྤྱི་ལེ་བཅུའི་མར་སུན་འགྲན་རྒྱུག་གི་ཕོ་མོའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། 
ལྷ་སའི་ད་ལོའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དེ་ནི་སྐབས་གསུམ་པ་དེ་ཡིན་པ་དང༌།  སྐབས་འདིའི་འགྲན་རྒྱུག་ནང་ལམ་ཕྱེད་མར་སུན་དང༌སྤྱི་ལེ་བཅུའི་མར་སུན་འགྲན་བསྡུར།  སྤྱི་ལེ་ལྔའི་མར་སུན་འགྲན་རྒྱུག་བཅས་རྣམ་གྲངས ༣ བཀོད་སྒྲིག་བྱས་ཡོད་པའི་ནང་།  ལམ་ཕྱེད་མར་སུན་འགྲན་རྒྱུག་དང་སྤྱི་ལེ་བཅུའི་མར་སུན་འགྲན་རྒྱུག་གཉིས་ཀྱི་མཐའ་མའི་ས་ཚིགས་དེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བཀོད་སྒྲིག་བྱས་ཡོད། 
ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་རྒྱ་མཚོས།  ད་ལོའི་མར་སུན་འགྲན་རྒྱུག་དེ་སྐབས་གོང་མ་དང་བསྡུར་ན་འགྲན་རྒྱུག་གཉེར་བའི་ཆུ་ཚད་དང་སྒྲིག་འཛུགས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེ་ཕྱིན་ཡོད།  དུས་སང་འབྲེལ་ཡོད་རྒྱུག་ལམ་ལེགས་སུ་གཏོང་རྒྱུ་མ་ཟད་ཞབས་ཞུ་དང་གཞི་ཁྱོན་སོགས་ཕྱོགས་གང་ཅིའི་ཐད་ལ་ཡང་ལེགས་སུ་བཏང་ནས།  དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་གཏིང་ཟབ་སྤེལ་ཐུབ་པ་བྱེད་རྒྱུ་རེད་ཅེས་གསུངས།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]