མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-19

མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཉེ་དུས།  ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གླེང་བའི།  མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད།

རྩོམ་ཡིག་ནང༌།  ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གསུང་བཤད་གལ་ཆེན་གནང་སྟེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང༌།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཐོ་ཚད་ཐོག་ནས།  དུས་རབས་གསར་པར་མི་དམངས་འཐུས་ཚོགས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་མཛུབ་ཁྲིད་དགོངས་པ་དང་རྩ་དོན་གལ་ཆེན།   ལས་དོན་གཙོ་བོ་བཅས་གསལ་བཏོན་གནང་སྟེ་ང་ཚོས་རྒྱང་ལམ་གསར་པའི་ཐོག་མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས།  མི་དམངས་འཐུས་ཚོགས་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་གནང་ཡོད།  དེང་གི་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་ལམ་ལུགས་ཀྱི་འགྲན་རྩོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་འགྲན་རྩོད་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་པས།  ལམ་ལུགས་ཀྱི་ལེགས་ཆ་ནི་རྒྱལ་ཁབ་ཞིག་གིས་འཐབ་ཇུས་རང་འགུལ་བཟུང་བའི་ལེགས་ཆ་གལ་ཆེན་ཞིག་རེད།  ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་ལམ་གསར་པའི་ཐོག  ངེས་པར་དུ་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  མི་དམངས་འཐུས་ཚོགས་ལམ་ལུགས་བརྒྱུད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དེ་མི་དམངས་ཀྱིས་ཁ་ལོ་འགྱུར་ཐུབ་པ་བྱེད་དགོས་པས།  ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུ་དང་བསྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པ་བྱེད་རྒྱུ་ཟུང་འབྲེལ་བྱས་ཐོག་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ལག་ལེན་དང་དུས་རབས་ཀྱི་ཁྱད་ཆོས་རྒྱུན་མཐུད་ཕུན་སུམ་ཚོགས་སུ་བཏང་ནས།  མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་དགོས་ཞེས་བཏོན་ཡོད།

རྩོམ་ཡིག་ནང༌།  དུས་རབས་གསར་པར་མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དེས་མི་དམངས་རང་ཁྱིམ་རང་བདག་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་རྒྱུ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།  རྒྱང་ལམ་གསར་པའི་ཐོག་ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པ་དང་དུས་བསྟུན་ཡར་བརྩོན་ངང་མི་དམངས་འཐུས་ཚོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་།  དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས།  དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་བཏང་ཚེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་རྒྱུ་དང་།  ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ཞུམ་མེད་ནུས་ལྡན་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་འདེགས་སྐྱོར་ཐུབ་ནས།  ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད་ཅེས་བཏོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]