སྐྱིད་རོང་འགག་སྒོའི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-20

ཉེ་བའི་ལོ་ཤས་རིང་།  རྒྱུད་གཅིག་ལམ་གཅིག་གི་སྣེ་ཁྲིད་འོག་སྐྱིད་རོང་རྫོང་གིས་ས་བབ་ཀྱི་ཆ་རྐྱེན་དང་འགག་སྒོའི་ལེགས་ཆར་གཞི་ཚུགས་ཏེ།  སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད།  བརྟན་ལྷིང་ལ་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ནས་འགག་སྒོའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་།  མཐའ་མཚམས་ཚོང་དོན་གྱི་ནུས་པ་ཆེ་རུ་གཏོང་བ།  ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ།  ཀྲུང་ནེའི་ས་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགག་སྒོ་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་ཡོད། 
ལོ་ལྔ་ཚན་བཅུ་གསུམ་པའི་རིང་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར ༢༧ ཙམ་བཏང་ནས་འགག་སྒོའི་གཞུང་དོན་དང་ཞིབ་བཤེར།  ཚོང་དོན།  ཟོག་འགྲེམས་སོགས་ཀྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་སྤྱད་དེ།  འགག་སྒོའི་རྨང་གཞིའི་ཆ་རྐྱེན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།
འགག་སྒོའི་རྒྱལ་སྒོའི་མཉམ་བཤེར་ཐོག་བརྩེགས་ཁང་ཆེན་དང་མཐའ་མཚམས་ཚོང་དོན་ཁྲོམ་ར།  འགག་སྒོའི་ལྟ་འདོམས་ཞིབ་བཤེར་གྱི་རྨང་གཞིའི་སྒྲིག་བཀོད།  འགག་སྒོའི་གཅིག་འཐུས་རྣམ་པའི་གཞུང་ལས་ལས་སྟེགས་སོགས་གཙོ་གནད་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མཇུག་སྒྲིལ་ཏེ་སྤྱོད་འགོ་ཚུགས་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་འགག་སྒོའི་ལས་དོན་གྱི་མཉམ་ཞུགས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས།  འགག་སྒོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  དེ་དང་ཆབས་ཅིག་འགག་སྒོ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་།  རྒྱལ་སྤྱིའི་ཚོང་དོན་གྱི་སྐར་ཁུང་རྐྱང་པ་སྲ་བརྟན་དང་རྒྱ་ཆེར་གཏོང་བ།  འགག་སྒོའི་གོམ་སྟབས་གཉིས་ཀྱི་འདུན་ཞུའི་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་བ།  འགག་སྒྲོལ་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ།  རྒྱལ་མཚམས་སྒྲོལ་བའི་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ།  འགག་སྒོའི་སྤྱི་ཡོངས་ཀྱི་འགག་སྒྲོལ་ལས་ཆོད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།  སྤྱི་ལོ ༢༠༡༥ ལོ་ནས ༢༠༢༠ ལོ་བར་རིམ་རྩིས་བྱས་ན་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར ༡༤༧.༠༧ ཟིན་པ་དེས་རང་སྐྱོང་ལྗོངས་ཕྱི་ཕྱོགས་ཚོང་དོན་དངུལ་འབོར་གྱི་བརྒྱ་ཆ ༨༠ ཡན་བཟུང་ཡོད། 
ཉེ་བའི་ལོ་ཤས་རིང་སྐྱིད་རོང་དང་ནེ་པ་ལའི་རི་ཟུར་བ་འགག་སྒོ་དེ་ཕུང་གསུམ་པའི་རྒྱལ་ཁབ་མི་སྣར་སྒོ་མོ་འབྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་དངོས་སུ་གྱུར་པ་དང་།  སྤྱི་ལོ ༢༠༡༩ ལོར་སྐྱིད་རོང་འགག་སྒོ་ནས་ཕར་འགྲོ་ཚུང་འོང་བྱེད་མཁན་མི་ཐེངས ༡༩༠༥༧༥ ཟིན་པའི་ནང་རྒྱལ་ཁབ་ཕྱིའི་ཡུལ་སྐོར་བ་མི་ཐེངས ༧༠༣༣༨ ཟིན་པ་དང་།  མཐའ་མས་མི་སེར་མི་ཐེངས ༡༢༠༢༣༧ ཟིན་ཡོད།  སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྱོང་དང་མཐའ་མཚམས་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་གྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཏེ།  སྐྱིད་རོང་གིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཚོང་དོན་བགྲོད་ལམ་ཆེན་པོ་འཛུགས་སྐྱོང་གི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ནས་ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་སྔར་བས་བརྟན་ལ་ནུས་ལྡན་ངང་སྤོས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]