ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་དོན་དྲིལ་བསྒྲགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-20

འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཞིག་ཡིན་པས།  ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་གསར་བརྗེའི་ཐོན་ཁུངས་སྔོག་སྤེལ་གང་ལེགས་བྱས་ནས།  གར་སྟེགས་ཟློས་གར་སྤོ་བོའི་གསར་བརྗེ་ཞེས་པ་ཞིབ་ཚགས་གཏོད་དེ།  སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ།  གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཐོག་མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་རྒྱུར་སེམས་ནུས་གཅིག་སྒྲིལ་བྱས་ཡོད།
གར་སྟེགས་ཟློས་གར་སྤོ་བོའི་གསར་བརྗེ་ཞེས་པའི་ནང་།  ཐོག་ཁང་དམར་པོའི་ནང་སྐྱོད་པ་ནས་འགོ་བཙུགས་ཏེ་ཐོ་རེངས་གོང་གི་ཉིན་མཚན་བཅུ་ཞེས་པ་དང་དཔའ་བོའི་མཆོད་བརྗོད་ཅེས་པ།  ཁྱིམ་གཞིས་འཛུགས་སྐྲུན་ཞེས་པ་བཅས་ལེའུ་གསུམ་ལ་དབྱེ་ཡོད་པ་དང་།  ཐོག་ཁང་དམར་པོའི་ནང་གི་ཁྲབ་རྨོག་སྲུང་སྐྱོབ་དམག་འཁྲུག་དང་མཐོང་སྨད་ཀྱི་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་།  མའོ་ཀྲུའུ་ཞིའི་འོད་ཟེར་མཐའ་མཚམས་སུ་འཕྲོས་ཞེས་པའི་སྙན་ཚིག་དང་གཞས་གདངས་གསར་རྩོམ་སོགས་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་རེ་ལྟད་མོ་བ་ཚོར་འཁྲབ་སྟོན་བྱས་ཏེ།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་སོང་རིང་གི་འགྱུར་ལྡོག་ཆེན་པོ་སྒྱུ་རྩལ་གྱི་ཐོག་ནས་མངོན་པར་བྱས་ཡོད།
མངོན་སུམ་གྱི་ནང་དོན་དང་ལྟད་མོ་ཆེ་བའི་འཁྲབ་སྟོན་དེས་གར་སྟེགས་འོག་གི་ལྟད་མོ་བ་ཚོར་སློབ་གསོ་གཏིང་ཟབ་ཐོབ་པ་དང་།  ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  དེ་དག་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དོན་དངོས་བྱ་སྤྱོད་ལ་འགྱུར་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]