རང་ལྗོངས་ཀྱིས་ནར་མ་སོན་མཁན་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-20

རང་སྐྱོང་ལྗོངས་ནར་མ་སོན་མཁན་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་ཉེ་དུས་འཚོགས་ནས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནར་མ་སོན་མཁན་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་།  བོད་རང་སྐྱོང་ལྗོངས་ཀྱི་ནར་མ་སོན་མཁན་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་སོགས་ཡིག་ཆ་བཞིར་རྩ་དོན་ཐོག་གྲོས་འཆམ་བྱས་ནས།  ནར་མ་སོན་མཁན་སྲུང་སྐྱོབ་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ནར་མ་སོན་མཁན་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་པད་མ་དབང་འདུས་ཀྱིས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
པད་མ་དབང་འདུས་ནས།  འབྲེལ་ཡོད་ཚན་པས་གཙོ་གནད་ལས་འགན་དང་དམ་པོར་བསྟུན་ནས་རང་སྐྱོང་ལྗོངས་ཀྱི་ནར་མ་སོན་མཁན་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལམ་ལུགས་ཁག་འཐུས་ཚང་བཟོ་བ་དང་།  ཕྱོགས་བསྡུས་སྲུང་སྐྱོབ་མ་ལག་འཐུས་ཚང་བཟོས་ནས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  སྲིད་གཞུང་དང་སློབ་གྲྭ  ཁྱིམ་ཚང་།  སྤྱི་ཚོགས་སོགས་ཕྱོགས་ཁག་གིས་སྲུང་སྐྱོབ་དང་སློབ་གསོ་གལ་མཉམ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།  རྒྱུན་ཆད་མེད་པར་ནར་མ་སོན་མཁན་གྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ།  རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་མཁན་གྱི་སྲུང་སྐྱོབ་ལས་དོན་ལ་དོ་འཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]