ཀྲོང་ཡན་གྱིས་འབྲས་སྤུངས་དགོན་སོགས་སུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-24

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་འབྲས་སྤུངས་དགོན་དང་།  ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས།  བར་སྐོར་ཁྲོམ་གཞུང་།  ལྷ་ལྡན་གཙུག་ལག་ཁང་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་འཛིན་ཏེ།  ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་དང་ལྗོངས་ཏང་ཨུད་རྒྱུན་ཨུད་ཚོགས་འདུའི་དགོངས་དོན།  ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀའ་སློབ་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས།  དམ་ཚགས་དང་ནན་པོ།  མྱུར་བ།  གཏིང་ཟབ།  ཞིབ་ཕྲ།  ཏན་ཏིག་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་བསྐྱངས་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་སྟེ།  རང་ལྗོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན།  མི་རིགས་འཆམ་མཐུན་བཅས་འགན་སྲུང་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཀྲོང་ཡན་གྱིས་བརྟག་ཞིབ་གནང་རིང་།  ལྗོངས་ཡོངས་ཀྱི་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ནས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དང་དམ་པོར་བསྟུན་ཏེ།  འགན་འཁྲི་སྔར་བས་ཏན་ཏིག་འཁུར་བ་དང་སྒྲིག་ཁྲིམས་སྔར་བས་ནན་སྲུང་བྱེད་པ།  གནད་དོན་འཕྲལ་མར་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ།  ཕུགས་ཕན་གྱི་ཇུས་གཞི་འདིང་བ།  ལྷུ་ཚིགས་ཁག་གི་ལས་ཀར་དམ་འཛིན་བྱེད་པ།  དོན་གཉེར་གོ་ཆོད་ཀྱི་བྱ་ཐབས་བཟུང་ནས་ཕན་འབྲས་ཏན་ཏིག་ཐོན་པ་བཅས་བྱས་ཏེ།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་འགན་སྲུང་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]