རང་ལྗོངས་ཀྱིས་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ནད་ཡམས་འགོག་ཟོན་ལས་ཀར་དམ་འཛིན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-24

སྤྱི་ཚེས ༢༢ ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་སྒྲིག་གཞིའི་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང༌།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མེས་རྣམ་གཉིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།  ཚོགས་འདུ་གྲོལ་རྗེས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་དེང་སྐབས་ཀྱི་ནད་ཡམས་འགོག་ཟོན་ལས་དོན་བཀོད་སྒྲིག་གནང་བ་རེད། 

ཚོགས་འདུའི་ཐོག  ནད་ཡམས་ཕྱི་ནས་འགོས་རྒྱུ་དང་ནང་ཁུལ་དུ་ནད་ཡམས་བསྐྱར་ལོག་ཐོན་རྒྱུ་སྔོན་འགོག་བྱེད་པའི་འགོག་ཟོན་བྱ་ཐབས་ཁག་དམ་འཛིན་ཏན་ཏིག་བྱས་ནས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་དུས་དང་རྣམ་པ་ཀུན་དུ་ནད་ཡམས་འགོག་ཟོན་ལ་དམ་འཛིན་བྱས་ཏེ་ནད་ཡམས་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང༌།  ལས་ཀའི་ལམ་སྲོལ་འཐུས་ཚང་འཛུགས་པ་དང་ལས་ཀའི་འགན་འཁྲི་ནན་པོ་དཀྲིས་ནས་བོད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་།  བོད་དུ་ཡོང་མཁན་ལ་ཞིབ་བཤེར་དང་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་ནད་ཡམས་འགོག་ཟོན་དམ་འཛིན་བྱེད་དགོས་པ།  གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ནད་ཡམས་འགོག་ཟོན་དང་བརྟན་ལྷིང་གོང་འཕེལ་གྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ངང་ཡག་པོ་སྒྲུབ་སྟེ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་པ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]