རྒྱལ་ཡོངས་སུ་རང་ལྗོངས་དབང་པོ་སྐྱོན་ཅན་བྱ་གཞག་གོང་འཕེལ་གྱི་གྲུབ་འབྲས་མངོན་པ་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-24

སྤྱི་ཚེས ༢༢ ཉིན།  རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་པའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་དམིགས་བསལ་ཨོ་ལིང་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་ཤིའི་ཨན་དུ་ཚོགས་པ་རེད།  རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པ ༥༦ འགྲན་བསྡུར་ནང་ཞུགས་ནས་གཙོ་བོར་མཆོང་རྒྱུག་འཕེན་གསུམ་དང་ལོང་བའི་ཐག་མཆོང༌།  གྲུ་ཆུང་འགྲན་བསྡུར།  ཆུ་རྐྱལ་སོགས་ཀྱི་འགྲན་བསྡུར་བྱེད་རྒྱུ་རེད། 

བོད་ལྗོངས་འཐུས་མི་རུ་ཁག་གི་མཆོང་རྒྱུག་འཕེན་གསུམ་གྱི་རུ་སྣེ་ཁྲིད་མཁན་ནོར་བུ་དགྲ་འདུལ་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  སྐབས་འདིའི་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་ཚང་མ་ནི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཐེངས་དང་པོ་ཡིན་ཞིང་།  འགྲན་བསྡུར་ནང་ཞུགས་པ་བརྒྱུད་ཕྱོགས་ཡོངས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བའི་ཚུན་དུ།  རང་ལྗོངས་དབང་པོ་སྐྱོན་ཅན་བྱ་གཞག་གོང་འཕེལ་གྱི་གྲུབ་འབྲས་མངོན་པ་བྱེད་རྒྱུ་མ་ཟད།  དབང་པོ་སྐྱོན་ཅན་དེ་བས་མང་བས་ལུས་རྩལ་གྱི་བདེ་ཐང་སླར་གསོའི་ལུས་སྦྱོང་བརྒྱུད།  སྤྱི་ཚོགས་ཐོག་བསྐྱོད་དེ་སྤྱི་ཚོགས་ཀྱི་གོང་འཕེལ་གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱུར་སྐུལ་ཁྲིད་ཀྱང་བྱ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ་ལྔ་པར་རང་ལྗོངས་ཀྱིས་ལུས་རྩལ་པ་འདེམས་སྒྲུག་དང་སྦྱོང་བརྡར་སོགས་འགྲན་བསྡུར་གོང་གི་གྲ་སྒྲིག་ཧུར་ཐག་བྱས་ནས།  བོད་ལྗོངས་འཐུས་མི་རུ་ཁག་བཙུགས་པ་རེད། 

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བོད་ལྗོངས་འཐུས་མི་རུ་ཁག་གི་དར་ཆ་འཛིན་མཁན། རྩལ་ཁྲིད་པ་ནོར་བཟང་གིས།  ང་ཚོས་འགྲན་བསྡུར་ཐོག་བོད་ཀྱི་དབང་པོ་སྐྱོན་ཅན་པའི་ཧུར་བརྩོན་སྤྲོ་སྣང་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་བྱས་ཏེ།  འགྲན་བསྡུར་ནང་གྲུབ་འབྲས་ཐོབ་པ་དང་ཆུ་ཚད་མངོན་པ།  ཉམས་འགྱུར་མངོན་པ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]