ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་དོན་དངོས་བྱ་བ༡༣དོན་འཁྱོལ་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-27

སྤྱི་ཚེས ༢༥ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་ཏེ།  རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ངས་མང་ཚོགས་ཆེད་དོན་དངོས་བྱ་བ་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་སྤེལ་ཚུལ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམངས་འཚོའི་དོན་དངོས་བྱ་བ ༡༣ དོན་འཁྱོལ་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།    
ད་ལོའི་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ངས་མང་ཚོགས་ཆེད་དུ་དོན་དངོས་བྱ་བ་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ནས།  བཀོད་སྒྲིག་ཞིབ་ཚགས་ངང་གོང་རིམ་ནས་སྐུལ་འདེད་གཏོང་བ་དང་།  བརྟག་ཞིབ་གཏིང་ཟབ་ངང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ།  གཙོ་གནད་འབུར་ཐོན་ངང་ལས་འགན་ཁ་གསལ་བཟོ་བ།  ཤུགས་འདོན་གནད་འཕིགས་ངང་གནད་དོན་ཐག་གཅོད་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་མཐུད་ཆེ་རུ་བཏང་ཡོད། 
ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ཟླ་བཅུ་པ་བར་ལྗོངས་ཡོངས་ཀྱིས་སྔ་རྗེས་སུ་མང་ཚོགས་ལ་དོན་དངོས་བྱ་བ ༨༢༣༠༠ ལྷག་ཙམ་བསྒྲུབས་པ་དང་།  དམངས་འཚོ་འགན་སྲུང་དང་ལེགས་བཅོས།  མཐའ་བརྟན་མཐའ་དར།  སྤུས་དག་གོང་འཕེལ།  སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་སོགས་ལ་དམིགས་ཏེ་ཕུགས་ཕན་ལམ་སྲོལ ༡༣༤༥ བཟོས་ཡོད།  ད་ལོའི་སྤྱི་ཟླ་བདུན་པའི་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་སུ་བདེ་ཐང་ཇ་མཁོ་སྤྲོད་བྱེད་ཁྱོན་ཆེ་རུ་གཏོང་བ་དང་།  བཟའ་བཅའི་བདེ་འཇགས་དང་ཞིང་འབྲོག་ལས་མིའི་གླ་ཆ་གཙང་སྤྲོད།  ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་སྤུས་ཚད་ལེགས་བཅོས།  ལྗོངས་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་ཁ་ཕྱོགས་པའི་ཁ་ལོ་བའི་རྩལ་ནུས་ཀྱི་རིན་མེད་སྦྱོང་བརྡར།  གྲུམ་བུ་ཚིགས་ཆེན་ནད་སྐྱོབ་བཅོས་ཡག་པོ་བྱེད་པ་སོགས་དམངས་འཚོའི་དོན་དངོས་བྱ་བ ༡༣ གྱི་ལས་དོན་སྤེལ་ཏེ།  དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས།  གྲུམ་བུ་ཚིགས་ཆེན་ནད་དང་ལྷན་སྐྱེས་སྙིང་ནད་ཕོག་མཁན་ནད་པར་སྐྱོབ་བཅོས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས།  ནད་པ་སྨན་བཅོས་བྱེད་དགོས་རིགས་ཚང་མ་སྨན་བཅོས་ཐུབ་པའི་ལས་འགན་དམིགས་ཚད་གང་མགྱོགས་སྒྲུབ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།

རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་རིམ་པ་དང་པོའི་སྐོར་གཟིགས་པ་ལིའུ་སླིད་ཀྱིས།  གོམ་སྟབས་རྗེས་མར་ཞིང་འབྲོག་ལས་མིའི་གླ་ཆ་གཏོང་སྤྲོད་འགན་སྲུང་སྲོལ་ཡིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  གཙོ་གནད་འགོག་ཟོན་དང་འབྱུང་རྩ་ནས་བཅོས་སྐྱོང་།  ལམ་ལུགས་དོན་འཁྱོལ།  དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་ངལ་རྩོལ་དང་འབྲེལ་བའི་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།

རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཅང་ཡུའེ་ཞཱ་ཡིས།  གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་ཚོགས་ཚོའི་སྡོད་ཁང་བདེ་འཇགས་ལ་བབ་བསྟུན་ལྟ་ཞིབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།  ལོག་ཉེན་ཡོད་པའི་ཁང་པ་བསྒྱུར་བཟོའི་ཐད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོའི་སྡོད་ཁང་བདེ་འཇགས་འགན་སྲུང་བྱས་ཏེ།  དོན་དངོས་བྱ་སྤྱོད་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མང་ཚོགས་ལ་དོན་དངོས་བྱ་བ་སྒྲུབ་པའི་འབྲེལ་ཡོད་ལས་ཀའི་ལས་འགན་སྒྲུབ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]