ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-27

སྤྱི་ཚེས ༢༦ ཉིན་གྱི་ཕྱི་དྲོ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་བོད་ལྗོངས་མི་དམངས་ཚོགས་ཁང་དུ་གྲ་སྒྲིག་ཚོགས་འདུ་འཚོགས་པ་དང༌།  བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  
ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་མཚན་ཐོ་དང་དྲུང་ཡིག་ཆེ་མོའི་མཚན་ཐོར་གྲོས་འཆམ་བྱུང་བ་དང༌།  ཀྲུའུ་ཞི་ཚོགས་པ་མི ༦༦ ལས་གྲུབ་ཅིང་ཀྲོང་ཡན་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོའི་འགན་བཞེས་པ་རེད།  
ཚོགས་འདུའི་ཐོག་མི་བཅུ་གཉིས་ལས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།  
ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་རིམ་དང་དམིགས་བསལ་གདན་ཞུའི་འཐུས་མིའི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།  ཚོགས་འདུའི་གྲོས་རིམ་ནི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་ཞིབ་བཤེར་གནང་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་འདེམས་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་རྒྱུ་བཅས་རེད།  
ཝང་ཅུན་ཀྲེང་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས།  ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་གོ་བ་ལེན་ནུས།  ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་འཕྱར་བ་གྲུ་འདེགས་དང་བློ་སེམས་གཅིག་སྒྲིལ་ངང་།  ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་དེ་དར་ཆ་མཐོར་བསྒྲེངས་དང་སྲོག་ཤིང་ལ་སྲུང་སྐྱོང་གི་ཚོགས་ཆེན་ཞིག་དང༌།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི་ཚོགས་ཆེན་ཞིག  མཐུན་སྒྲིལ་འབད་འཐབ་དང་མ་འོངས་གསར་གཏོད་ཀྱི་ཚོགས་ཆེན་ཞིག་བཅས་སུ་ཚོགས་ཐུབ་པ་བྱེད་དགོས་པ་དང་དེ་ཡང༌།  གཅིག་ནས་ཐབས་ཇུས་ཧུར་ཐག་བཏོན་ནས་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱེད་དགོས་པ།  གཉིས་ནས་ཚན་ཁག་ཡག་པོ་ཞིག་བདམས་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་ཆེན་པོའི་སྒོ་ནས་གོང་འཕེལ་གྱི་ཇུས་ཆེན་མཉམ་དུ་གླེང་བ་དང་།  ཆབ་སྲིད་ཀྱི་འགན་སེམས་དང་ལོ་རྒྱུས་ཀྱི་འགན་སེམས་ཆེན་པོའི་ཐོག་ནས་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པ།  གསུམ་ནས་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེའི་ཁོར་ཡུག་དང་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དེ།  འཆར་གཞི་ཡག་པོ་འགོད་པ་དང་ལས་བྱེད་ཡག་པོ་འདེམས་པ།  ཚན་ཁག་ཡག་པོ་བཀོད་སྒྲིག་བྱེད་པ།  ཁྲིད་ཕྱོགས་བཟང་པོ་འཛུགས་པ།  དར་སྲོལ་བཟང་པོ་ཆགས་པ་བཅས་ཀྱི་དམིགས་ཚད་ཧུར་ཐག་སྒྲུབ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]