ཡན་ཅིན་ཧའེ་ཡིས་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-27

སྤྱི་ཚེས ༢༥ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།  རང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་དང་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཆར་འགོད།  མཐའ་མཚམས་ཁུལ་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་འཇུག་གནང་ནས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་གནང་ཡོད།

ཚོགས་འདུའི་ཐོག  མ་དངུལ་བེད་སྤྱོད་ཀྱི་དོ་དམ་ནན་པོ་བྱས་ནས་དུས་ཐོག་ཏུ་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་དང་འཛུགས་སྐྲུན་འཕེལ་རིམ་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་བྱེད་པ་དང་།  ཆེད་དོན་བུན་འཛིན་བེད་སྤྱོད་ཡག་པོ་བྱས་ཏེ་གཙོ་གནད་ཁུལ་ལ་དམིགས་དགོས་པ།  རྒྱུན་ཆད་མེད་པར་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་བཟོས་ཏེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་དགོས་པ།  མཐའ་མཚམས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  ཐོན་ཁུངས་ལེགས་ཆར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་དང་།  ཆོས་ཉིད་ལ་བརྩི་འཇོག་ངང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་གཏོང་བ།  བློ་བརྟན་འགྱུར་མེད་ངང་མཐའ་མཚམས་ཁུལ་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]