མངའ་རིས་ས་ཁུལ་གྱིས་གོང་འཕེལ་དུས་མཚམས་གསར་པའི་ཞིང་གསུམ་ལས་དོན་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-28

སྤྱི་ལོ ༢༠༢༡ ལོའི་ཚུན་དུ།  མངའ་རིས་ས་ཁུལ་གྱིས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་སྐྱིད།  ཡུལ་སྲོལ་ཤེས་དཔལ།  བཅོས་སྐྱོང་ནུས་ལྡན།  འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།  འཆར་འགོད་ཚགས་ཚུད་ངང་ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་དང་།  མང་ཚོགས་ཀྱི་བྱེད་པོའི་གནས་བབ་རྒྱུན་འཁྱོངས་བྱེད་པ།  བསྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ།  ཐོན་ཁུངས་བཀོད་སྒྲིག་གི་ཕན་ཡོད་རང་བཞིན་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་མངའ་རིས་ས་ཁུལ་གྱི་གོང་འཕེལ་དུས་མཚམས་གསར་པའི་ཞིང་གསུམ་ལས་དོན་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང༌།  མངའ་རིས་ས་ཁུལ་གྱིས་སྔ་ཕྱི་བསྡོམས་དབུལ་ཕོངས་དུད་ཚང་ ༦༡༢༤ ཡི་མི་ཁྲི ༢.༣ དབུལ་གྲོལ་ཐུབ་པ་བྱས་ནས་རྫོང་བདུན་ཚང་མའི་དབུལ་ཞྭ་ཕུད་པ་དང༌།  གྲོང་ཚོ ༡༣༩ དབུལ་ཕོངས་གནས་ལས་གྲོལ་ཞིང༌།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༤.༣༩ ཟིན་པ་དེ་སྤྱི་ལོ ༢༠༡༥ ལོའི་ལྡབ ༡.༦ ཟིན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ ༩.༩ འཕར་བ་དང་།  གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༣༨ ཟིན་པ་དེ་སྤྱི་ལོ ༢༠༡༥ ལོའི་ལྡབ ༡.༧ ཟིན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ ༡༢.༤ འཕར་ཡོད།  འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་བརྒྱ་ཆ ༨༥.༧ ཟིན་པ་དང༌།  གཅིག་བསྡོམས་བདུན་གྱི་རིམ་ལྡན་སྨན་ཁང་གཏོད་པའི་ལས་དོན་ཏན་ཏིག་སྤེལ་བས་ཁག་ཅིག་བྱས་པ་གསུམ་གྱི་སྨན་བཅོས་བྱེད་ཚད་བརྒྱ་ཆ ༡༠༠ ཟིན་པ་དང༌།  སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་བརྒྱ་ཆ ༩༥ ཟིན་པ།  ཐུམ་འབུའི་ནད་ཕོག་མཁན་ལ་སྨན་བཅོས་ཡག་པོ་ཐུབ་པ་བཅས་བྱུང་བ་མ་ཟད་རིགས་ཁག་གི་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི ༢༡.༨ ཟིན་པ་དང་།  བློ་འདོད་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་གཅིག་བསྡུས་འཚོ་སྐྱོང་བྱེད་ཚད་ཀྱང་བརྒྱ་ཆ ༡༠༠ ཟིན་ཡོད།

དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་ཆེད།  མངའ་རིས་ས་ཁུལ་གྱིས་དབུལ་གྲོལ་བརྟན་པོ་མ་ཐུབ་པ་དང་མཐར་ལུས་ཀྱི་དབུལ་པོར་གྱུར་ཉེན་ཡོད་པའི་དུད་ཚང་ ༤༠༤ ཡི་མི ༡༤༦༨ ལ་ལྟ་ཞིབ་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྤེལ་བའི་རྨང་གཞིའི་ཐོག  ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་པར་སླར་ཡང་ཁྱོན་ཡོངས་ཀྱི་མཐིལ་རྟོགས་ལས་དོན་སྤེལ་ཏེ་དབུལ་གྲོལ་བརྟན་པོ་མ་ཐུབ་པའི་དུད་ཚང་དང་།  དབུལ་པོར་འགྱུར་ཉེན་ཡོད་པའི་དུད་ཚང༌།  དཀའ་ངལ་ཆེན་པོ་ཡོད་པའི་དུད་ཚང་བཅས་ཀྱི་ལས་ཐོ་བཀོད་དེ་རིམ་པ་དང་རིགས་དབྱེ་ནས་རོགས་སྐྱོར་སྲིད་ཇུས་ཁྱབ་ཁོངས་ནང་བཅུག་པ་དང་།  རྒྱུན་མཐུད་རོགས་སྐྱོར་བྱས་པ་བརྒྱུད་དུད་ཚང་ ༡༣༤ ཡི་མི ༤༦༣ དབུལ་གྲོལ་བརྟན་པོ་ཐུབ་པ་མ་ཟད།  དབུལ་ལོག་མི་ཐེབས་པ་བྱེད་པའི་ལྟ་ཞིབ་ཉེན་བརྡའི་ལམ་སྲོལ་ཡང་འཐུས་སྒོ་ཚང་དུ་བཏང་ཡོད་པ་དང༌།  ཞིང་འབྲེལ་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར ༡༡.༦ དོན་འཁྱོལ་བྱས་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱེད་པའི་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་རྣམ་གྲངས ༡༤༡ ལག་བསྟར་བྱས་པ་དང་སྦྲགས།  དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་བདག་དབང་གཏན་འཁེལ་གྱི་ཐོ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་རྒྱུ་ནོར་གྱི་སྤྱི་ཚོགས་ཕན་འབྲས་ཐོན་ཐུབ་པ་བྱས་པ་དང་།  གཉེར་སྐྱོང་རང་བཞིན་གྱི་དབུལ་སྐྱོར་རྒྱུ་ནོར་གྱི་རིན་ཐང་འཕར་ཐུབ་པ་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]