ཝང་ཅུན་ཀྲེང་གིས་ལྷོ་ཁའི་འཐུས་མི་ཚོ་དང་མཉམ་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-28

སྤྱི་ཚེས ༢༧ ཉིན་གྱི་ཕྱི་དྲོ།  བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལྷོ་ཁའི་འཐུས་མི་ཚོགས་པར་ཕེབས་ཏེ་འཐུས་མི་ཚོ་དང་ལྷན་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་སྐབས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  འཛུགས་གཏོད་བཞིརསྐུལ་འདེད་ཤུགས་ཆེན་གཏོང་བ།  མདུན་གྲལ་དུ་སྐྱོད་ཐུབ་པ་བཞིཧུར་ཐག་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཚེ་རིང་ཕུན་ཚོགས་དང་།  ཀྲང་ཝེ།  དཀོན་མཆོག་ཆོས་སྒྲོན།  ཚེ་རིང་ཟླ་བ།  ཀྲའོ་ཅི་ཕེང་།  ཙེང་ལུང་།  པད་མ་དབྱངས་ཅན།  བསྟན་འཛིན་དབང་འདུས།  ཀྲའོ་ཐེན་ཝུའུ།  བུ་རྡོ་སོགས་བློ་མཐུན་ཚོས་སྙན་སྒྲོན་ལ་དམ་པོར་དམིགས་ནས་མྱོང་ཚོར་གླེང་བ་དང་དོན་དངོས་དང་ཟུང་འབྲེལ་གྱིས་གྲོས་འགོ་བཏོན་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ་བསམ་ཚུལ་གླེང་བ་རེད།  ཚང་མས་གཅིག་མཐུན་ཐོག་ངོས་འཛིན་བྱས་དོན།  སྙན་སྒྲོན་གྱིས་དར་ཆ་མཐོན་པོར་བསྒྲེངས་ཤིང་ཆབ་སྲིད་ཀྱི་གཤིས་སྤྱོད་མངོན་པ་དང་།  ཚུགས་གནས་མཐོ་ཞིང་སྤྱི་ཡོངས་ཀྱི་འདུ་ཤེས་མངོན་པ།  འཆར་འགོད་ཕུགས་ལ་ཕན་ཞིང་འགན་འཁྲི་འཁུར་སེམས་མངོན་པ།  མི་རྩ་བར་འཛིན་ཞིང་འགན་འཁྲིའི་བརྩེ་སེམས་མངོན་པ།  ཆབ་སྲིད་ཀྱི་རང་བཞིན་འབུར་དུ་ཐོན་ཡོད་ལ་དུས་རབས་ཀྱི་རང་བཞིན་ཡང་མངོན་པ།  ངེས་ཤུགསབརྟན་པོམངོན་ཡོད་ལམདུན་སྐྱོདཀྱི་བློ་སྟོབས་ཀྱང་མངོན་པ་བཅས་བྱས་པས།  ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་།  བོད་ཀྱི་དོན་དངོས་དང་མཐུན་པ།  མི་དམངས་ཀྱི་བསམ་འདུན་མཚོན་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་དང་།  བློ་བསྡུས་དགེ་འཚོལ་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་པས།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབྱུང་འགྱུར་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ་མཐུན་སྒྲིལ་དང་།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཏུ་འགྱུར་ངེས་རེད།

ཝང་ཅུན་ཀྲེང་གིས་འཐུས་མིའི་གཏམ་བཤད་ནན་ཏན་གསན་གྱིན་ཟིན་བྲིས་ནན་ཏན་བསྐྱོན་པ་མ་ཟད།  འཐུས་མི་ཚོ་དང་སྤེལ་རེས་ཡང་ཡང་གནང་བ་རེད།  ཁོང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནསའཛུགས་གཏོད་བཞིརནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དངམདུན་གྲལ་དུ་སྐྱོད་ཐུབ་པ་བཞིཧུར་ཐག་བྱེད་པ་ནིགོམ་སྟབས་གཉིས་ལ་དབྱེ་བའིའཐབ་ཇུས་བཀོད་སྒྲིག་གི་གོམ་སྟབས་དང་པོ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་ཞིབ་ཕྲ་དང་།  འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་གང་ལེགས་བརྟེན་པའི་བྱ་སྤྱོད་དངོས།  དོན་ཆེན་བཞིརདམ་འཛིན་ཡག་པོ་བྱེད་པ་དངའགན་ལེན་བཞིམངོན་འགྱུར་བྱེད་པའི་གཞི་རྟེན་གལ་ཆེན་བཅས་ཡིན་པས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།  བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  དེ་སྔའི་སྲོལ་རྒྱུན་བཟང་པོ་དང་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་བྱེད་དགོས།  མཐོང་ཐུབ་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་དགོས་ལ་མཐོང་མི་ཐུབ་པའི་གྲུབ་འབྲས་ལའང་ཕྱོགས་སྡོམ་བྱས་ཏེ་དངོས་པོ་དང་བསམ་པའི་ངོས་ནས་སྟོབས་ཤུགས་བསྡུ་ལེན་གྱིས་མངོན་སུམ་གྱི་ངོས་འཛིན་རྗེས་དཔག་གི་ངོས་འཛིན་ལ་འཕེལ་བར་བྱེད་པ་དང་།  སྐབས་རིམ་བྱུང་གི་ཏང་ཨུད་ཀྱིས་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་བྱས་ནས།  དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་དང་།  གནད་དོན་ལ་ངོས་འཛིན་བྱེད་པ་ནི་རིག་པ་དྭངས་གསལ་ཞིག  གནད་དོན་ཐག་གཅོད་བྱེད་ཕོད་པ་ནི་འགན་འཁྲི་འཁུར་བ་ཞིག  གནད་དོན་ཐག་གཅོད་ཐུབ་པ་ནི་འཇོན་ཐང་ཞིག་བཅས་རེད།  ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་ལས་དོན་ལ་གནས་པའི་ཞན་ཆ་དང་གནད་དོན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགལ་ཟླ་གཙོ་བོར་དམ་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་།  མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ།  མི་དམངས་མང་ཚོགས་ལ་ཁ་ཚ་དགོས་གཏུགས་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་དགོས།  དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་ཇི་ལྟར་བྱེད་པར་ཞིབ་འཇུག་ནན་ཏན་བྱེད་པ་དང་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་བརྒྱུདསྲུང་སྐྱོང་གཉིསཐུབ་པར་བྱེད་དགོས་པ་དང་།  སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་ཇི་ལྟར་བྱེད་པར་ཞིབ་འཇུག་ནན་ཏན་དང་རྫོང་༼ཆུས༽མི་འདྲ་བའི་དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ནས་དུས་ཡུན་རིང་པོའི་བསམ་བློའི་སློབ་གསོ་དང་བརྟན་ལྷིང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་ཇི་ལྟར་བྱེད་པར་ཞིབ་འཇུག་ནན་ཏན་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་།  ས་བབ་ཀྱི་ལེགས་ཆ།  ལས་དོན་གྱི་རྨང་གཞི་བཟང་བའི་ལེགས་ཆ་བཅས་ཡག་པོ་བཏོན་ནས།  ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཝང་ཅུན་ཀྲེང་གིས་དམ་པ་དོན་གཉེར་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་རིང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས།  དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་བློ་ལ་བརྟན་པོར་ངེས་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་བྱེད་ཐབས་ཞིབ་ཕྲར་ཞིབ་ཚགས་སུ་གཏོང་བ་དང་།  དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་སྤྱོད་ཞིབ་ཕྲར་བསྒྱུར་ཏེ་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་དོན་དག་རེ་རེ་བཞིན་ཡག་པོ་སྒྲུབ་དགོས།  རིམ་ཁག་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་རང་བཀུར་དང་།  རང་བརྟག  རང་ཟོན།  རང་སྐུལ།  བློ་དཀར་དང་།  སྤྱོད་གཙང་།  འགན་ཁུར།  བཟང་སྤྱོད་རྟོགས་པ་དང་།  སྤྱི་སྤྱོད་སྲུང་བ།  རང་སྤྱོད་ནན་པ།  རང་འགན་ནན་སྒྲུབ་དང་།  བྱས་རྗེས་འཇོག་ཕོད་པ།  འགན་འཁུར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ཏེ་བྱ་བ་དངོས་ཏན་ཏིག་དང་བྱ་བ་བཟང་པོ་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།  སྐྱིད་སྣང་།  བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]