གྲེན་ཡུང་ཇིས་ཉིང་ཁྲི་དང་ལྗོངས་ཐད་གཏོགས་འཐུས་མིའི་ཚོགས་པ་གཉིས་པའི་ཚོགས་ཆུང་དང་པོའི་གྲོས་བསྡུར་ནང་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-29

སྤྱི་ཚེས ༢༧ དང་ ༢༨ ཉིན་བློ་མཐུན་གྲེན་ཡུང་ཇིས་ཁག་སོ་སོར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཉིང་ཁྲིའི་འཐུས་མི་ཚོགས་པ་དང་ལྗོངས་ཐད་གཏོགས་འཐུས་མིའི་ཚོགས་པ་གཉིས་པའི་ཚོགས་ཆུང་དང་པོའི་གྲོས་བསྡུར་ནང་ཞུགས་སྐབས།  ཁོང་ནས་བློ་མཐུན་ཝང་ཅུན་ཀྲེང་གིས་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་དེ་ནི་དགོངས་པ་གཏིང་ཟབ་པ་དང་།  དམིགས་ཚད་བརྗིད་ཆེ་བ།  བྱ་ཐབས་ནུས་ལྡན།  མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་ཅིང་།  དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་འཆར་གཞི་བཀོད་པའི་སྙན་སྒྲོན་ཡག་པོ་ཞིག་དང་།  བདེན་འཚོལ་དངོས་སྒྲུབ་དང་བཀོད་ཁྱབ་ཇུས་འགོད་ཀྱི་སྙན་སྒྲོན་ཡག་པོ་ཞིག  མི་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་སྙན་སྒྲོན་ཡག་པོ་ཞིག་བཅས་ཡིན་པས་སྙན་སྒྲོན་དེར་ཡོངས་སུ་ནས་མོས་མཐུན་ཡོད་ཅེས་གསུངས།
གྲེན་ཡུང་ཇིས་འཆར་གཞི་འདིང་བར་འགག་རྩ་ནི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཡིན་པས།  ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱས་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པ་དང་།  གསར་གཏོད་བཞི་དང་མདུན་གྲལ་དུ་སྐྱོད་པ་བཞིར་དམ་འཛིན་བྱས་ཏེ།  དོན་ཆེན་བཞི་ཡག་པོ་བསྒྲུབ་པ་དང་འགན་ལེན་བཞི་མངོན་འགྱུར་ཡོང་བར་བྱེད་དགོས་པ།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས།  དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ།  ལོ་རྒྱུས་ཀྱི་ཉམས་མྱོང་དར་སྤེལ་བཏང་སྟེ་བསྒྱུར་བཅོས་དང་གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གང་ཡོད་འབུལ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]