ཅང་ཅེས་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས༦པའི་དགོངས་དོན་སྒྲོག་འགྲེལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-29

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས།  ཁོང་གནས་སའི་ཏང་ཀྲེ་པུར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཅང་ཅེ་ནས་ཏང་ཡོན་ལས་བྱེད་ཚོས་ལྗོངས་ཡོངས་ཀྱི་བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས།  མཐའ་མཚམས་སྟོབས་ཆེ་བཅས་ཀྱི་དོན་ཆེན་བཞི་དང་དམ་པོར་བསྟུན་ཏེ།  སློབ་སྦྱོང་གྲུབ་འབྲས་དེ་དམ་པ་དོན་གཉེར་གྱི་ཟུངས་ཤུགས་དང་བློ་དཀར་དྭངས་གཙང་དང་འགན་འཁུར་གྱི་བྱ་སྤྱོད་ངོ་མར་བསྒྱུར་དགོས་པ་དང་།  རང་རྟོགས་ངང་ཏང་གི་འབད་འཐབ་བརྒྱུད་རིམ་ཁྲོད་སྟོབས་ཤུགས་འཕེལ་བ་བྱེད་པ།  འགན་འཁྲི་གཙང་སྒྲུབ་དང་ཞུམ་མེད་མདུན་སྐྱོད་ཁྲོད་གཉེར་སྒྲུབ་གསུམ་དང་ཞབས་ཞུ་གསུམ་གྱི་སྤུས་ཚད་ལེགས་སུ་དང་ཆུ་ཚད་མཐོ་རུ་གཏོང་བ།  བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ།  མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་བའི་ཁྲོད་བྱས་རྗེས་ཆེན་པོ་དང་ལེགས་སྐྱེས་ཆེན་པོ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]